དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • 2024ལོའི་མཚོ་སྔོན་གྱི“6·21རྒྱལ་སྤྱིའི་རོལ་ཆ་དཀྲོལ་གཏོང་ཉིན་མོའི”རོལ་དབྱངས་འདུ་ཚོགས་གཉེར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-06-26

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་6ཚེས་22ཉིན་རོལ་དབྱངས་ཀྱིས་འཚོ་བ་དེ་བས་མཛེས་སྡུག་ལྡན་པར་བྱེད—2024ལོའི་མཚོ་སྔོན་གྱི“6·21རྒྱལ་སྤྱིའི་རོལ་ཆ་དཀྲོལ་གཏོང་ཉིན་མོའི”རོལ་དབྱངས་འདུ་ཚོགས་མཚོ་སྔོན་ཞིང་ཆེན་རིག་གནས་ཁང་དུ་འཚོགས་པ་དང་། རོལ་དབྱངས་ལ་བརྟེན་ནས་མཚོ་སྔོན་གྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་། མི་རིགས་ཁག་གི་འགྲོ་འོང་མཉམ་འདྲེས། མི་དམངས་མང་ཚོགས་ཀྱི་བདེ་སྡོད་ལས་བརྩོན་བཅས་ཀྱི་གཏམ་རྒྱུད་ལེགས་པར་མཚོན་ཡོད།

    “6·21རྒྱལ་སྤྱིའི་རོལ་ཆ་དཀྲོལ་གཏོང་ཉིན་མོ”ནི་རྒྱལ་སྤྱི་ཅན་དང་། སྤྱི་ཕན་ཅན། སྤྱི་དམངས་ཅན་བཅས་ཀྱི་རོལ་དབྱངས་རིག་གནས་དུས་ཆེན་ཞིག་ཡིན་པ་དང་། ད་ཐེངས་6·21རྒྱལ་སྤྱིའི་རོལ་ཆ་དཀྲོལ་གཏོང་ཉིན་མོ(ཀྲུང་གོ)སྒྲིག་འཛུགས་ཨུ་ལྷན་གྱིས་མཚོ་སྔོན་ལ་2024ལོའི“6·21རྒྱལ་སྤྱིའི་རོལ་ཆ་དཀྲོལ་གཏོང་ཉིན་མོའི”བྱེད་སྒོ་སྤེལ་རྒྱུའི་ཆོག་མཆན་སྤྲད་པ་རེད། རོལ་དབྱངས་འདུ་ཚོགས་ཀྱིས་མཚོ་སྔོན་ཞིང་ཆེན་དང་ཟི་ལིང་གྲོང་ཁྱེར་གྱི་འབུད་དཀྲོལ་རོལ་ཆ་ཚོགས་པ་འགའ་ཞིག་གདན་དྲངས་ནས། རྣམ་པ་མི་འདྲ་བ་དང་ཉམས་འགྱུར་མི་འདྲ་བའི་ཀྲུང་གོ་དང་ནུབ་གླིང་གི་འབུད་དཀྲོལ་རོལ་དབྱངས་ཀྱི་ཕུལ་བྱུང་བརྩམས་ཆོས་དཀྲོལ་གཏོང་བྱས་པར་ས་གནས་ས་ཐོག་ཏུ་དགའ་བསུ་ཆེན་པོ་ཐོབ་པ་དང་། ད་ཐེངས་ཀྱི་རོལ་དབྱངས་འདུ་ཚོགས་ཐོག་ཉེ་བའི་ལོ་ཤས་རིང་གི་མཚོ་སྔོན་གྱི་རོལ་ཆ་གསར་རྩོམ་དང་། འཁྲབ་སྟོན། སློབ་ཁྲིད་སོགས་ཐད་ཀྱི་གཡུར་དུ་ཟ་བའི་གྲུབ་འབྲས་མངོན་པ་དང་རོལ་དབྱངས་ཚོགས་པ་ཁག་དབར་གྱི་་རིག་གནས་སྤེལ་རེས་ཟབ་ཏུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།