དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་གྲོང་གསེབ་ཡུལ་སྐོར་གྱི་བདེ་འཇགས་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་འགོག་ཟོན་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-06-26

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་6ཚེས་21ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་འཚོགས་པའི་དུས་བདེའི་རིག་གནས་དང་ཡུལ་སྐོར་ལས་དོན་སྤེལ་རྒྱུའི་གསར་འགྱུར་བརྡ་སྦྱོར་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། མིག་སྔར་མཚོ་སྔོན་གྱི་གྲོང་གསེབ་ཡུལ་སྐོར་དེ་ཉིད་དེ་སྔའི་གྲངས་འབོར་འཕར་བ་ནས་ད་ལྟའི་ལས་རྣམ་གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། གྲུབ་ཆ་ལེཌ་སུ་གཏོང་བ། ཕན་འབྲས་ལ་སྣང་ཆེན་བྱེད་པ་བཅས་ཀྱི་ཕྱོགས་སུ་བསྒྱུར་ཏེ། ཟི་ལིང་དང་མཚོ་ཤར་གཙོ་བོར་བྱེད་པ་དང་ཀྲོའུ་དྲུག་ལ་ཁྱབ་པའི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་པ་དང་། གྲོང་གསེབ་ཡུལ་སྐོར་གྱི་ལས་རྣམ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་ཡུལ་སྐོར་བའི་ཉམས་ལེན་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཡོད། གྲོང་གསེབ་ཡུལ་སྐོར་བདེ་འཇཌ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་བར་སྔར་བས་སྐུལ་འདེད་གཏོང་བ་དང་ཡུལ་སྐོར་བའི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་བྱ་ཆེད། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་གྲོང་གསེབ་ཡུལ་སྐོར་གྱི་བདེ་འཇཌ་ཀྱི་མངོན་མེད་རྐྱེན་ངན་འགོག་ཟོན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་རེད།

    དེ་དང་ཆབས་ཅིག 《མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་ཡུལ་སྐོར་གྱི་སྤུས་འབྲས་ལེགས་གཉེར་གྱི་བྱ་སྤྱོད་ཇུས་གཞི(2023ལོ་ནས་2026ལོ་བར)》བཏོན་ནས་ས་གནས་ཁག་ལ་གྲོང་གསེབ་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཁ་སྔོན་འགོག་ཚོད་འཛིན་དང་། ཡུལ་སྐོར་བའི་ཞུ་གཏུག་ཐག་གཅོད། ཐོལ་བྱུང་དོན་རྐྱེན་འཕྲལ་སྡོམ་ཐག་གཅོད་སོགས་ཀྱི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ལམ་ལུགས་ཇུས་གཞི་འཐུས་སྒོ་ཚང་དུ་གཏོང་བ། དོ་དམ་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་ཉེན་ཁ་སྣ་ཚོགས་དུས་ཐོག་ཏུ་འགོག་ཟོན་བྱེད་དགོས་པ་དང་། ཕྱིར་འཐེན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་གྲོང་གསེབ་ཀྱི་ཡུལ་སྐོར་སྣེ་ལེན་ས་ཚིགས་སོགས་ལ་འགུལ་རྣམ་དོ་དམ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    གཞན་ཡང་དུས་ཆེན་གལ་ཆེན་དང་གུང་གསེང་མ་བསླེབས་གོང་། ས་གནས་ཁག་གི་རིག་གནས་ཡུལ་སྐོར་སྡེ་ཚན་དང་གྲོང་གསེབ་ཀྱི་ཡུལ་སྐོར་སྣེ་ལེན་ས་ཚིགས་ལ་བདེ་འཇགས་དྲན་སྐུལ་བྱས་པ་དང་། འབྲེལ་ཡོད་སྒྲིག་ཆས་དང་སྒྲིག་བཀོད་ལ་བདེ་འཇགས་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ། བདེ་འཇགས་ཀྱི་ཚད་གཞི་དང་བླང་བྱ་དང་མི་མཐུན་པའི་རིགས་བཀག་འགོག་མཐའ་གཅིག་ཏུ་བྱེད་པ། གཉེར་སྐྱོང་བྱེད་པོར་མཛུབ་ཁྲིད་བྱས་ཏེ་བདེ་འཇགས་དྲན་སྐུལ་དང་། ཉེན་བརྡའི་མཚོན་རྟགས། བདེ་འཇགས་འགོག་སྲུང་སྒྲིག་ཆས་བཅས་འཐུས་སྒོ་ཚང་དུ་བཏང་ཞིང་། བདེ་འཇགས་ཤེས་བྱ་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་བ་མ་ཟད། ཡུལ་སྐོར་བར་བདེ་འཇགས་འགོག་སྲུང་ཡག་པོ་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།