དབུ་ཤོག>གསར་འགྱུར།>དམངས་འཚོ།
  • འཕྱོངས་རྒྱས་རྫོང་གིས།

    ཚབ་གཉེར་ས་ཞིང་གི་གཞི་ཁྱོན་ཆེ་རུ་བཏང་ནས་འབབ་འཕར་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-26

    འདི་ལོ་ཚུན་དུ། འཕྱོངས་རྒྱས་རྫོང་གིས་ཚབ་གཉེར་ས་ཞིང་གི་གཞི་ཁྱོན་ཆེ་རུ་གཏོང་བའི་བྱ་ཐབས་བརྒྱུད་དམངས་ཀྱི་ཡོང་འབབ་འཕར་བར་རམ་འདེགས་བྱས་པར་ཕན་འབྲས་བཟང་པོ་ཐོན་ཡོད། གོང་རིམ་ནས་ཚབ་གཉེར་མུའུ་2000གི་མ་དངུལ་སྒོར་ཁྲི་18བཏང་བའི་རྨང་གཞིའི་ཐོག་རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱིས་མ་དངུལ་སྒོར་ཁྲི་26.24བཏང་ནས་རྒྱ་ཁྱོན་མུའུ་2624.06ཆེ་རུ་བཏང་བས། ཚབ་གཉེར་ས་ཞིང་གི་སྤྱིའི་རྒྱ་ཁྱོན་མུའུ་4624.06ཟིན་ཡོད་པ་རེད།

    ཚབ་གཉེར་ས་ཞིང་གི་ཞབས་ཞུ་ལག་ལེན་བསྟར་བ་དེས་ཞིང་ལས་ཐོན་སྐྱེད་ཀྱི་ལས་ཕྱོད་ཆེ་རུ་ཕྱིན་པ་མ་ཟད། ཞིང་པའི་ཡོང་འབབ་འཕར་བར་ཡང་སྐུལ་འདེད་ནུས་ལྡན་ཐེབས་ཡོད། ཞིང་པས་ཚབ་གཉེར་ཞབས་ཞུ་ལག་ལེན་བསྟར་བ་བརྒྱུད། ས་ཞིང་གང་ལེགས་སྤྱོད་ཐུབ་པའི་ཁར། ངལ་རྩོལ་ནུས་ཤུགས་ཉུང་དུ་གཏོང་ཐུབ་པ་མ་ཟད། ཡོང་འབབ་ཀྱང་བརྟན་པོ་འཕར་བྱུང་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།