དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དཔའ་ཤོད་རྫོང་སྤོམ་མདའ་གྲོང་རྡལ་ཐོག་གཉིས་གྲོང་ཚོའི་ཏང་ཀྲི་པུས།

    གཞི་རིམ་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་གཞི་རིམ་གྱི་རྨང་གཞི་བརྟན་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-26

    འདི་ལོ་ཚུན་དུ། ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་སྤོམ་མདའ་གྲོང་རྡལ་ཐོག་གཉིས་གྲོང་ཚོའི་ཏང་ཀྲི་པུས་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་གཞི་རིམ་རྩ་འཛུགས་ཀྱི་མ་ལག་དང་། བཅོས་སྐྱོང་གི་མ་ལག ཞབས་འདེགས་ཀྱི་མ་ལག་བཅས་ཧུར་ཐག་བཙུགས་ཏེ་གཞི་རིམ་བཅོས་སྐྱོང་གི་རྨང་གཞི་བརྟན་དུ་རྒྱུན་ཆད་མེད་པར་བཏང་ནས་དུས་རབས་གསར་པའི་གཞི་རིམ་བཅོས་སྐྱོང་གི་རྣམ་པ་གསར་པ་ཏན་ཏིག་བཏོད་ཡོད།

    ཐོག་གཉིས་གྲོང་ཚོའི་ཏང་ཀྲི་པུས་མཐའ་ཚད་ཀྱི་བསམ་པ་མཐའ་འཁྱོངས་ཀྱིས་ཐོག་གཉིས་གྲོང་ཚོའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དང་འགལ་ཟླའི་ཉེན་ཁ་གྲལ་བཤེར་ཚོགས་ཆུང་བཙུགས་ཏེ། གྲོང་ཚོ་ཡོངས་ཀྱི་དུད་ཚང་43ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་པ་དང་། མི་18ཡོད་པའི་ཕྱེད་ཆེད་ལས་ཀྱི་མེ་གསོད་རུ་ཁག་དང་གྲོང་ཚོ་རིམ་པའི་ནགས་ཚལ་མེ་ཟོན་མེ་གསོད་དྲིལ་བསྒྲགས་རུ་ཁག་བཙུགས་པ་རེད། དེ་དང་ཆབས་ཅིག་འགག་སྒོ་མདུན་སྤོས་དང་། གཙོ་གནད་གཤམ་སྒྱུར། སྔོན་ཚུད་ནས་འགོག་ཟོན་བཅས་ཀྱི་ཐབས་ཇུས་སྤྱད་དེ“ལས་ཐོག་ལས་སྒྲུབ”ནས“ཕྱིར་སྐྱོད་ལས་སྒྲུབ” ལ་བསྒྱུར་བ་དང་གོང་རིམ་ལ་བདེ་སྡུག་ཞུ་བ་ནས་འོག་རིམ་ལ་འཚམས་འདྲི་བྱེད་པར་བསྒྱུར་ཡོད། “གད་སྙིགས་ལག་ཞོར་དུ་སྒྲུག་པ་དང་པར་རྒྱག་པའི”བྱེད་སྒོ་མུ་མཐུད་སྤེལ་ནས་ཞིང་འབྲོག་མང་ཚོགས་ཀྱི་བདག་པོའི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་སྟེ་རྒྱ་ཆེའི་མང་ཚོགས་ཚོས་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་གི་ལག་ལེན་པ་ཞིག་ཧུར་ཐག་བྱེད་པ་དར་སྤེལ་བཏང་བ་རེད།

    ཐོན་ལས་རིམ་སྤོར་ལ་སྐུལ་འདེད་བཏང་སྟེ་གྲོང་གསེབ་དར་རྒྱས་གོང་འཕེལ་གྱི་གོམ་སྟབས་མགྱོགས་སུ་གཏོང་ཆེད། ཐོག་གཉིས་གྲོང་ཚོའི་ཏང་ཀྲི་པུས་ཁོངས་གཏོགས་ཁུལ་གྱི་རྒྱལ་ལམ་318སྒྱུར་བཀོད་ལས་གྲྭའི་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱེད་པར་བརྟེན་ནས་གྲོང་ཚོའི་ངལ་ནུས་ལྷག་མ་མི་ཐེངས་800ལྷག་ཙམ་ཐག་ཉེ་སར་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་པ་དང་། དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་གཏོང་བ་འབྲེལ་མཐུད་ནུས་ལྡན་བྱེད་པའི་ཐོན་ལས་ཀྱི་འདེགས་སྐྱོར་བྱ་ཡུལ་ཡང་དག་བཙལ་ནས་དབུལ་ལོག་སྔོན་འགོག་གི་འགུལ་རྣམ་ལྟ་ཞིབ་ཚད་ལེན་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྲུབ་འབྲས་ལ“ཕྱིར་མིག་ལྟ་བའི”ལས་དོན་ཡག་པོ་བསྒྲུབས་པ། དུད་ཚང་42ཀྱི་མི་ཕྱུགས་ལོགས་སུ་འབྱེད་པའི་ལས་དོན་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བ་དང་ཁྱིམ་དུད་གསང་སྤྱོད་སྒྱུར་བཀོད་ལས་དོན་གྲོང་ཚོ་ཧྲིལ་པོར་སྐུལ་འདེད་བཏང་བར་སྒྱུར་བཀོད་ཚད་གཞི་ལོན་ཚད་100%ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།