ལྷ་ས་འགྲིམ་འགྲུལ་ཉེན་རྟོག་པས།
གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་མི་སེམས་སུ་ཟུག་པར་བྱས་པ།
ཉེ་ཆར་ལྷ་ས་གྲོང་ཁྱེར་གྱི་འགྲིམ་འགྲུལ་ཉེན་རྟོག་པས་ཚན་པ་དང་སྡེ་ཁུལ་དུ་བསྐྱོད་དེ་སྣ་མང་ཕུན་སུམ་ཚོཌ་པའི་འགྲིམ་འགྲུལ་བདེ་འཇཌ་ཤེས་བྱའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
མི་དམངས་ཉེན་རྟོག་པས་གསོན་ཉམས་དོད་པའི་འགྲེལ་བཤད་དང་གྱོད་དཔེར་དབྱེ་ཞིབ་བྱས་ནས་ཆང་བཏུངས་འཁོར་གཏོང་དང་། གློག་བརྡ་དམར་པོ་སྒྲོལ་བ། ངལ་དུབ་ངང་རླངས་འཁོར་གཏོང་བ་སོགས་གཞུང་ལམ་འགྲིམ་འགྲུལ་གྱི་བཅའ་ཁྲིམས་ལས་འགལ་བའི་བྱེད་སྤྱོད་ལས་བྱུང་བའི་གནོད་འཚེར་དབྱེ་ཞིབ་ཞིབ་ཕྲ་བྱས་པ་མ་ཟད། རྒན་འཁོགས་དང་བྱིས་པ་སོགས་ཀྱི་དམིགས་བསལ་ཚོགས་སྤྱིར་དམིགས་ནས་བདེ་འཇགས་ངང་གཞུང་ལམ་ཇི་ལྟར་སྒྲོལ་བ་དང་འགྲིམ་འགྲུལ་ཡོ་ཆས་ལ་གང་འདྲ་བྱས་ནས་སྡོད་དགོས་པ་སོགས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་རྒྱུན་ཤེས་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་ནས། ཚང་མས་དེའི་ཁྲོད་ནས་སྣ་སུན་དང་བསླབ་བྱ་བླངས་ཏེ་ཉེན་ཟོན་རྒྱུན་སྒྲོག་གིས་དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ཀྱི་རྩ་བ་དམ་པོར་འཛིན་དགོས་པའི་བླང་བྱ་བཏོན་པ་རེད།
ད་རེས་ཀྱི་སྒྲོག་འགྲེལ་བརྒྱུད། རྒྱ་ཆེའི་ལས་བཟོ་དང་མང་ཚོགས་ཀྱིས་འགྲིམ་འགྲུལ་གྱི་ཁྲིམས་སྲོལ་ལ་རྒྱུས་མངའ་ཆེ་རུ་ཕྱིན་པ་དང་། རྒྱུན་གཏན་གྱི་འཚོ་བའི་ཁྲོད་འགྲིམ་འགྲུལ་ཁྲིམས་སྲོལ་ལ་སྲུང་བརྩི་ནན་པོ་ཞུས་ནས་འགྲིམ་འགྲུལ་ལས་འཛོལ་མ་ཐོན་པ་བྱེད་པར་ངོས་འཛིན་སྔར་བས་ཟབ་ཏུ་སོང་ཡོད།