དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཆུ་ཤུར་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས།

    ལས་བཟོའི(ཞིང་པ་ལས་མི)བུ་ཕྲུག་ལ་དྲོ་སྐྱིད་སྦྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-26

    ཉེ་ཆར་ཆུ་ཤུར་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས“ཕུགས་འདུན་བཅངས། འཛུམ་མདངས་མངོན”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ལས་བཟོའི(ཞིང་པ་ལས་མི)བུ་ཕྲུག་ལ་དྲོ་སྐྱིད་སྦྱིན་པའི་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོའི་དམིགས་ཡུལ་ནི་བཟོ་ཚོགས་རྩ་འཛུགས་ཀྱིས་དཀའ་ངལ་ཡོད་པའི་ལས་བཟོའི(ཞིང་པ་ལས་མི)བུ་ཕྲུག་དང་གཞིས་ལུས་བྱིས་པར་དོ་ཁུར་དང་གཅེས་སྐྱོང་བྱེད་ལུགས་མཚོན་པར་བྱས་ནས། སྤྱི་ཚོགས་ཡོངས་ཀྱིས་ལོ་ཆུང་བྱིས་པ་སྐྱོན་བྲལ་དང་སྤྲོ་སྣང་ལྡན་པའི་ངང་འཚར་ལོངས་ཡོང་བའི་རྣམ་པ་བཟང་པོ་བསྐྲུན་ཏེ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་པོར་བཙུགས་ནས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་ཆེད་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་བྱེད་སྒོར་ཆུ་ཤུར་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས་བྱིས་པ་75ལ་རིན་ཐང་སྒོར་ཁྲི་1.6ཙམ་རི་བའི་སློབ་སྦྱོང་ཡོ་བྱད་སྤྲད་དེ། རྒྱ་ཆེའི་ལས་བཟོའི(ཞིང་པ་ལས་མི)བུ་ཕྲུག་གིས་ཏང་དང་སྲིད་གཞུང་དང་བཟོ་ཚོགས་རྩ་འཛུགས་ཀྱི་ཐུགས་ཁུར་དང་བྱམས་སྐྱོང་ཏན་ཏིག་ཚོར་བར་བྱས་པ་མ་ཟད། དཀའ་ངལ་ལས་རྣམ་པར་རྒྱལ་བའི་ཁོ་ཚོའི་ཡིད་ཆེས་དང་ཆོད་སེམས་ཆེ་རུ་བཏང་ཞིང་། གཞན་ཡང་ཁོ་ཚོས་བཟོ་ཚོགས་ཀྱི་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་དངོས་སུ་ཚོར་ཐུབ་པ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།