དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཆུ་ཤུར་རྫོང་གིས།

    ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆེད་དོན་ཟུར་ཁྲིད་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-26

    ཉེ་དུས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གི་མི་དམངས་འཐུས་ཚོཌ་དང་། སྲིད་གཞུང་། སྲིད་གྲོས་ཏང་ཙུའུ་བཅས་ཀྱིས《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)གི་ཆེད་དོན་ཟུར་ཁྲིད་བྱས་ཤིང་། དེའང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འཆད་ཁྲིད་དགེ་རྒན་ཚོཌ་པ་དང་། ལྷ་ས་གྲོང་ཨུད་ཏང་གི་སློབ་གྲྭའི་ཏང་གི་ལོ་རྒྱུས་དང་ཏང་འཛུགས་སྐྱོང་གི་སློབ་དཔྱོད་ཁང་གི་ཀྲུའུ་རེན། ཀྲུང་དབྱང་ཏང་གི་སློབ་གྲྭའི་མཁས་པ་སློབ་སྐོར་བ་བཅས་ཡིན་པའི་པ་སངས་སྒྲོལ་མས《སྲོལ་ཡིག》ལ་ཆེད་དོན་ཟུར་ཁྲིད་བྱས་པ་རེད།

    ཆེད་དོན་ཟུར་ཁྲིད་ནང་གཙོ་བོ《སྲོལ་ཡིག》གི་འཕེལ་རིམ་དང་། གཞི་རྩའི་སྒྲོམ་གཞི། ནང་དོན་གཙོ་བོ་བཅས་དང་དེ་བཞིན་ལག་བསྟར་མཐར་ཕྱིན་ཕྱོགས་གསུམ་ཐད་ནས་རང་རེའི་ཏང་གིས་སྒྲིག་ཁྲིམས་འཛུཌ་སྐྱོང་ལ་ཤུགས་སྣོན་བརྒྱབ་པའི་གཟི་བརྗིད་སྲོལ་རྒྱུན་དང་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་མ་ལག་གི་གཏན་ཚིག་འབྲེལ་བ་ངོ་སྤྲོད་ཞིབ་ཕྲ་བྱས་པ་དང་། གསར་དུ་བཟོ་བཅོས་བརྒྱབ་པའི《སྲོལ་ཡིག》ལ་འགྲེལ་བཤད་ཞིབ་ཕྲ་དང་གཏིང་ཟབ་བརྒྱབ་པ་རེད།

    ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ཡང་ནས་བསྐྱར་དུ་དང་གཏིང་ཟབ་པོ་སྦྱོང་དགོས་ཤིང་། མཉམ་སྡེབ་སློབ་སྦྱོང་ལ་ཧུར་ཐག་ཞུགས་དགོས་པ་མ་ཟད། རང་སྦྱོང་ལ་དེ་བས་སྣང་ཆེན་བྱས་ཏེ་རྒྱུན་དུ་ནས་སྦྱོང་བ་དང་རྒྱུན་དུ་ནས་གསར་བརྗེས་བྱེད་དགོས། སློབ་སྦྱོང་བྱེད་སྟངས་ལ་སྣང་ཆེན་བྱེད་དགོས་ཤིང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཤེས་རྟོགས་ཐུབ་ཚད་དང་ཁོང་དུ་ཆུད་ཚད་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་དགོས། ལག་ལེན་ལ་སྣང་ཆེན་བྱེད་དགོས་ཤིང་། རྒྱུན་དུ་ནས་སྦྱོང་བ་དང་རྒྱུན་དུ་ནས་གསར་བརྗེས་བྱེད་རིང་རིགས་པའི་གཞུང་ལུགས་ཀྱི་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང། དངོས་འབྲེལ་སྦྱོང་བ་དང་ཡིད་ཆེས་དངོས་གནས་བྱེད་པའི་ཁྲོད་ཕུགས་བསམ་གྱི་དད་སེམས་བརྟན་དུ་གཏོང་བ་དང་། ཐོས་བསམ་མྱོང་རྟོགས་ཁྲོད་ཐོག་མའི་བསམ་འདུན་དང་ལས་འགན་བློ་ལ་བརྟན་པོར་ངེས་པ། ལག་བསྟར་ཞིབ་ཚགས་ཁྲོད་རང་ཉིད་ལ་རྒྱུན་ཆད་མེད་པར་ཞུན་བརྡར་སྤྲོས་པ། ཤེས་སྦྱོར་གཅིག་མཐུན་ཁྲོད་རང་འགུལ་ངང་རང་འགན་ཐེག་པ་འཁུར་ལེན་བཅས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།