པེ་ཅིང་གིས་ལྷ་སར་ཁ་གཏད་རོགས་སྐྱོར་བྱས་པ།
རྒྱལ་སའི་ཚད་གཞི་དམིགས་སུ་འཛིན། བོད་སྐྱོར་རྒྱུགས་ལན་ཡག་པོ་ཕུལ།
2015ལོའི་ཟླ་11ཚེས་21ཉིན་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་པེ་ཅིང་གྲོང་ཁྱེར་གྱི“ཚོཌ་སྒྲིག་རྣམ་པའི”བོད་སྐྱོར་རིགས་གཅིག་མཁས་ཅན་གྱིས་བོད་ཀྱི་བྱིས་པར་འོས་འགན་སྨན་བཅོས་བྱས་རྗེས་ཕྲུ་གུ་ཚོ་དང་མཉམ་པར་རྒྱག་བཞིན་པ།
ལྷ་ས་པེ་ཅིང་སློབ་ཆུང་གི་སློབ་མས་དཔེ་ཀློག་ཁང་དུ་དེབ་ལྟ་བཞིན་པ།
པེ་ཅིང་གི་བོད་སྐྱོར་ལས་དོན་པས་སྙེ་མོ་རྫོང་ས་མཐོའི་འདེབས་འཛུགས་ལས་རིགས་མཁའ་སྐྱོད་འདེབས་གསོ་དང་ཐོན་ལས་ཅན་གྱི་ཁྱབ་གདལ་ཉེར་སྤྱོད་ལ་མཛུབ་ཁྲིད་བྱེད་བཞིན་པ།
ལས་དོན་པས་པེ་ཅིང་གིས་རོཌ་སྐྲུན་བྱས་པའི་བོད་ལྗོངས་ས་གཙང་དཀར་ཆུའི་ལས་རིགས་འཁོར་ཁང་དུ་ལས་ཀ་བྱེད་བཞིན་པ།
པེ་ཅིང་གི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པས་སྒོར་ཁྲི་1743.4བཏང་ནས་བསྐྲུན་པའི་གློག་སྐས་ཡོད་པའི་ལྷ་ས་གྲོང་ཁྱེར་གྱི་སྤྲིན་ཟམ་དང་པོ་སྟེ་སེམས་སྦྲེལ་ཟམ་པ་ཡིན་པ།
རི་ཀླུང་སྒྲོལ་བའི་བརྩེ་སེམས་ཟབ། འཕེལ་རྒྱས་གསར་པའི་ལེའུ་བརྩམས།
1994ལོར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཚུན་པེ་ཅིང་གིས་ཁ་གཏད་བོད་སྐྱོར་ལས་དོན་སྤེལ་ནས་བགྲང་བྱ་30འདས།
ལོ་30ཡི་རིང་། པེ་ཅིང་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་ལྷ་སར་ཁ་གཏད་རོགས་སྐྱོར་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཤིང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དང་། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི“དོན་ཆེན་བཞིར”དམིགས་པ་དང་། “རྒྱུན་འཛིན+གསར་གཏོད”དང“དོ་དམ+གཅེས་སེམས་ཟབ་མོ”མཐའ་འཁྱོངས་བྱས་ཏེ། སྔ་རྗེས་སུ་བོད་སྐྱོར་ལས་བྱེད་པ་1280གངས་ལྗོངས་ས་མཐོར་མངགས་ནས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་ལྷན་དུ་བོད་ཀྱི་འཕེལ་རྒྱས་ཆེད་ཐབས་འདོན་ཤུགས་འདོན་བྱས་པ་རེད།
སློབ་གསོ་ལྟེ་བར་བཟུང་ནས།
སློབ་མ་ཚོར་རེ་བའི་འོད་སྣང་སྦྱིན་པ།
2014ལོར་པེ་ཅིང་གྲོང་ཁྱེར་གྱིས་སྔོན་ལ“སྒྲིག་ཁོངས་གཏན་ཁེལ་ལམ་སྲོལ”གྱི་སློབ་གསོའི་བོད་སྐྱོར་བྱེད་ཐབས་སྤྱད་ནས། ལྷ་ས་པེ་ཅིང་ཚོད་ལྟ་སློབ་འབྲིང་ལ་ཁག་དང་པོའི་བོད་སྐྱོར་དགེ་རྒན་52བཏང་སྟེ“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་གྱི་ལམ་སྲོལ་བཏོད་ཡོད། ལོ་10ཡི་རིང་། པེ་ཅིང་གྲོང་ཁྱེར་གྱི་སློབ་གསོའི་བོད་སྐྱོར་གྱིས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དང་། ཚད་གཞི་མཐོ་ཤོས། དགོས་མཁོའི་ཕྱོགས་སྟོན་བཅས་མཐའ་འཁྱོངས་བྱས་ནས་ལས་བྱེད་པ་དང་དགེ་རྒན་299བོད་སྐྱོད་སློབ་སྐྱོར་བྱེད་པར་བཏང་ཞིང་། ཁོང་ཚོས་བརྩེ་བ་ཟབ་མོ་བཅངས་ནས་གངས་ལྗོངས་ས་མཐོའི་སློབ་བུ་ཚོའི་ཤེས་བྱ་སྦྱོང་འདོད་ཀྱི་རེ་འདུན་ལེགས་པར་བསྐངས་ཏེ་བོད་ཀྱི་སློབ་གསོའི་བྱ་གཞག་གི་སྤུས་འབྲས་མཐོར་འདེགས་ལ་སྒུལ་ཤུགས་བསྣན་པ་རེད།
“ཅིང་བོད་ཕུགས་རེ་འཛིན་གྲྭ”ནི་པེ་ཅིང་སློབ་གསོའི་བོད་སྐྱོར་ཚོགས་པས་སློབ་མའི་དགོས་མཁོ་དང་བསྟུན་ནས་སྤེལ་བའི་སློབ་འབྲིང་དུས་མཚམས་ཀྱི་ཚོད་ལྟ་ཞིག་རེད། 2017ལོར་པེ་ཅིང་བོད་སྐྱོར་བཀོད་འདོམས་པུས་ལྷ་ས་པེ་ཅིང་ཚོད་ལྟ་སློབ་འབྲིང་དུ“ཅིང་བོད་ཕུགས་རེ་འཛིན་གྲྭ”ཐོག་མ་བཙུགས་ཤིང་། སྒོར་ཁྲི་50བཏང་སྟེ་དགེ་རྒན་གསོ་སྦྱོང་དང་སློབ་ཁྲིད་ཐོན་ཁུངས་དང་དེ་བཞིན་སློབ་ཚན་མ་ལག་འཛུགས་པའི་ཐད་སྤྱད་པ་དང་ཆབས་ཅིག་འཚོ་བའི་ཁ་གསབ་ཀྱང་སྤྲད་ཡོད། དུས་མཚུངས་སུ་ལྷ་ས་པེ་ཅིང་ཚོད་ལྟ་སློབ་འབྲིང་གིས་ཕུགས་རེ་འཛིན་གྲྭའི་རྣམ་གྲངས་རྒྱུན་ཆད་མེད་པར་ལག་ལེན་དང་གསར་གཏོད་ཀྱིས་རྨང་གཞི་འགན་ལེན་དང་། སྦྱངས་འབྲས་མཐོར་གཏོང་། རིག་གནས་འཛུགས་སྐྱོང་། སློབ་ཚན་གསར་གཏོད། ཕྱོགས་བསྡུས་གསོ་སྐྱོང་སོགས་འདུ་འགོད་ཆེན་པོ་ལྔ་བཏོད་ཡོད། མིག་སྔའི་བར་འཆར་གཞི་དེ་ལོ་རིམ་6པའི་བར་རྒྱ་བསྐྱེད་ནས་སློབ་མ་700ལྷག་ཙམ་ལ་མ་དངུལ་གྱིས་རོགས་སྐྱོར་བྱས་པ་རེད།
བོད་སྐྱོར་དགེ་རྒན་དང་ས་གནས་དགེ་རྒན་གྱིས་ལོ་10རིང་འབད་འཐབ་བྱས་པ་བརྒྱུད། ད་ཆ་རོགས་སྐྲུན་སློབ་གྲྭའི་སློབ་གཉེར་སྒྲིག་བཀོད་དང་སློབ་གསོའི་སྤུས་ཚད་ཧ་ཅང་མཐོ་རུ་ཕྱིན་ཡོད་པ་རེད། གྲངས་གཞི་ལས་མངོན་པར། 2023ལོར་ལྷ་ས་པེ་ཅིང་ཚོད་ལྟ་སློབ་འབྲིང་གི་མཐོ་རྒྱུགས་ཀྱི་སྐར་མ་ལོན་ཚད་100%དང་དངོས་གཞི་ཚན་ཁག་གཙོ་བོར་ཚུད་མཁན་སློབ་མ་79%རྒྱུན་འཁྱོངས་ཐུབ་ནས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བློ་ཡིད་ཚིམ་པའི་སློབ་གྲྭ་སྤུས་ལེགས་ཤིག་ཏུ་གྱུར་ཡོད། པེ་ཅིང་གི“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་གྲུབ་འབྲས་གཡུར་དུ་ཟ་བ་ལས། སློབ་གསོ་པུས“2023ལོའི་ལོ་འཁོར་གྱི་རྨང་གཞིའི་སློབ་གསོའི་ཁྱབ་ཁོངས་ཀྱི་ལག་ལེན་གསར་གཏོད་དཔེ་མཚོན”ལ་བདམས་པ་རེད།
སྨན་བཅོས་རྨང་གཞིར་བྱས་ནས།
མང་ཚོགས་ཀྱི་བདེ་ཐང་བརྟན་སྲུང་བྱས་པ།
2017ལོའི་ཟླ་8པར། པེ་ཅིང་གི་བོད་སྐྱོར་རིགས་གཅིག་མཁས་ཅན་གྱི་སྣེ་ཁྲིད་འོག ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་གནས་7གྱི་སྔོན་ལ་སྨན་ཁང“ཀ་པ་རིམ་པ་གསུམ་པ”འཛུགས་གཏོད་ལས་དོན་ལེགས་སྒྲུབ་བྱས་པའི་རྨང་གཞིའི་ཐོག སྔ་རྗེས་སུ་རྒྱལ་ཁབ་བྲང་གཟེར་ལྟེ་གནས(ཚད་ལྡན་རིམ་པ)དང་། རྒྱལ་ཁབ་ཕྱོགས་བསྡུས་གཟའ་གྲིབ་འགོག་བཅོས་ལྟེ་གནས། ཀྲུང་གོ་རྨས་སྐྱོན་སྐྱོབ་བཅོས་མནའ་འབྲེལ་རྨས་སྐྱོན་སྐྱོབ་བཅོས་ལྟེ་གནས། བོད་རང་སྐྱོང་ལྗོངས་ཉེན་ཆེའི་སྦྲུམ་མ་སྐྱོབ་བཅོས་ལྟེ་གནས། ཉེན་ཆེའི་ཕྲུ་གུ་དམར་འབྱར་སྐྱོབ་བཅོས་ལྟེ་གནས་བཅས་ལྟེ་གནས་ཆེན་པོ་ལྔ་བསྐྲུན་ཡོད། 2021ལོ་ནས་བཟུང་། པེ་ཅིང་གི་བོད་སྐྱོར་རིགས་གཅིག་མཁས་ཅན་གྱིས་ས་གནས་དེ་གའི་ལས་བྱེད་པ་དང་མཉམ་དུ་རང་སྐྱོང་ལྗོངས་ཀྱི་མངལ་སྦྲུམ་བྲང་སྐྱི་གཙགས་རྟོལ་ཐེངས་དང་པོ་བྱས་པ་སོགས་ལག་རྩལ་གསར་པ་དང་རྣམ་གྲངས་གསར་པ་102སྤེལ་བ་རེད།
ད་ཆ་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས་སྨན་བཅོས་ཐུབ་པའི་ནད་གཞི་ཚབས་ཆེན་རིཌ་300ཟིན་པ་དང་། ལོ་རེར་སྨན་ཁང་གི་སྒོ་བསྟེན་དང་དོས་དྲག་སྨན་བཅོས་བྱེད་ཚད་མི་ཐེངས་ཁྲི་31ལྷག་ཙམ་དང་། སྨན་ཁང་དུ་སྡོད་མཁན་མི་ཐེངས་ཁྲི་1.7ལྷག་ཙམ། གཤགས་བཅོས་ཐེངས་6000ལྷག་ཙམ་བཅས་ཟིན་ཏེ། སྨན་བཅོས་ནུས་པར་ལྗོངས་ཡོངས་སུ་སྐད་གྲགས་ཚེ་ཙམ་དང་ཤུགས་རྐྱེན་ངེས་ཅན་ལྡན་པ་མ་ཟད། “ནད་ཆེན་བོད་ནས་བཅོས་ཐུབ་པ”མངོན་འགྱུར་བྱུང་ཡོད་པ་རེད།
ཐོན་ལས་གལ་ཆེར་བརྩིས་ནས།
གནའ་གྲོང་འཕེལ་ནུས་ལ་གསོན་ཤུགས་བསྣན་པ།
ཐོན་ལས་བོད་སྐྱོར་ནི་བོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་དང་ས་གནས་རང་གི་མང་ཚོགས་ལས་ཞུགས་འབབ་འཕར་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་ནུས་ལྡན་ཞིག་རེད། ལོ་30ཡི་རིང་། པེ་ཅིང་གྲོང་ཁྱེར་གྱིས་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་དང་། ཐོན་ལས་འཕེལ་རྒྱས། དམངས་འཚོ་འགན་ལེན་དང་ལེཌ་གཏོང་། རིག་གནས་སློབ་གསོའི་རོགས་སྐྱོར་སོགས་ཁྱབ་ཁོངས་ལ་དམ་པོར་དམིགས་ཏེ། རིམ་རྩིས་བྱས་ན། བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་64.6བཏང་ནས་བོད་སྐྱོར་རྣམ་གྲངས་788ལག་བསྟར་བྱས་པའི་ནང་། 80%ཡན་གྱི་མ་དངུལ་དམངས་འཚོ་དང་གཞི་རིམ་ཁྱབ་ཁོངས་སུ་བཏང་ནས་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དམིཌ་བསལ་ལེགས་སྐྱེས་ཕུལ་བ་རེད།
2021ལོའི་ཟླ་7པར། སྟོད་ལུང་བདེ་ཆེན་ཆུས་བདེ་ཆེན་གྲོང་རྡལ་མོན་སྟོད་གྲོང་ཚོའི་གྲོང་མི་ཚེ་རིང་དབང་སྒྲོན་གྱིས་རང་ཁྱིམ་གྱི་སྒོ་འགྲམ་དུ་ཡོད་པའི་ཐད་ཀར་འཐུང་ཆུའི་ས་ཚིགས་ནས་བླངས་ནས་བཟོས་པའི་ཇ་སྲུབས་མ་འཐུང་གིན་ཡིད་སེམས་དགའ་བས་རབ་ཏུ་བརྟས། དེ་ནི་པེ་ཅིང་གྲོང་ཁྱེར་གྱིས་བོད་སྐྱོར་མ་དངུལ་སྒོར་ཁྲི་4200བཏང་ནས་ལག་བསྟར་བྱས་པའི“མཛེས་སྡུག་ལྡན་པའི་གྲོང་གསེབ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”ཀྱི་བདེ་ཐང་འཐུང་ཆུའི་རྣམ་གྲངས་ལས་ཐོབ་པའི་ཕན་པ་རེད། རྣམ་གྲངས་དེས་སྟོད་ལུང་བདེ་ཆེན་ཆུས་སུ་ཐད་ཀར་འཐུང་ཆུའི་ས་ཚིགས་100ལྷག་ཙམ་བསྐྲུན་པ་མ་ཟད། ཆུ་ལེན་ཡོ་བྱད་སྤྲད་དེ། དུད་ཚང་ཁྲི་2.6ལྷག་ཙམ་གྱི་མི་ཁྲི་9.1ལ་ཕན་པ་ཐོབ་པ་རེད།
དེ་དང་འདྲ་བར་འདམ་གཞུང་རྫོང་གནམ་མཚོའི་ལྷ་ཆུ་བཟོ་གྲྭ་བསྐྲུན་ནས་སྤྱོད་འགོ་ཚུགས་པ་ལས་མང་ཚོཌ་ལ་འབབ་འཕར་ཡོང་བར་རམ་འདེཌ་གང་ལེཌ་བྱས་ཤིང་། གནམ་མཚོའི་ལྷ་ཆུ་བཟོ་གྲྭའི་ཐོན་ལས་དབུལ་སྐྱོར་འཛུགས་སྐྲུན་རྣམ་གྲངས་ནི་2018ལོའི་བོད་སྐྱོར་རྣམ་གྲངས་ཤིག་ཡིན་པ་དང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་1.2བཏང་བའི་ནང་བོད་སྐྱོར་མ་དངུལ་སྒོར་ཁྲི་2143དང་ཐོན་ལས་དབུལ་སྐྱོར་མ་དངུལ་སྒོར་ཁྲི་4000ཟིན་ཡོད་པ་རེད། གནམ་མཚོའི་ལྷ་ཆུ་བཟོ་གྲྭ་བསྐྲུན་ནས་སྤྱོད་འགོ་ཚུགས་རྗེས། 2017ལོ་དང་2018ལོ་ཁོ་ནར་རྣམ་གྲངས་ཀྱི་ཁེ་སྤོགས་སྒོར་ཁྲི་129.7བགོས་ནས། དུད་ཚང་111གི་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་297ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་པ་རེད།