དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》སློབ་སྦྱོང་གི་དྲི་བ་དྲིས་ལན།

    【ནང་དོན་ཡོང་ཁུངས། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》2023ལོར་བཟོ་བཅོས་བརྒྱབ】

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-26

    དྲི་བ། མཉམ་དུ་རྐང་བཙུགས་ནས་སྒྲིག་འགལ་བྱས་པར་ཐག་གཅོད་ཀྱི་གཏན་འབེབས་གང་དག་ཡོད་དམ།

    དྲིས་ལན། དོན་ཚན་ཉེར་དྲུག་པ། མི་གཉིས་ཡན་གྱིས་མཉམ་དུ་རྐང་བཙུགས་ནས་སྒྲིག་འགལ་བྱས་ན། ཉེས་ཅན་གཙོ་བོ་དེར་ཆད་པ་ལྕི་པོ་གཅོད་དགོས་པ་དང་། སྲོལ་ཡིག་འདིའི་ནང་གཏན་འབེབས་ལོགས་སུ་བྱས་ཡོད་པ་ཕུད། ཁོངས་མི་གཞན་རྣམས་ལ་མཉམ་དུ་སྒྲིག་འགལ་བྱེད་རིང་ཐོན་པའི་ནུས་པ་དང་འཁུར་དགོས་པའི་འགན་འཁྲི་ལྟར་སོ་སོར་ཆད་པ་གཅོད་རྒྱུ།

    དཔལ་འབྱོར་ཐད་མཉམ་དུ་སྒྲིག་འགལ་བྱས་ན། མི་སྒེར་ཞུགས་པའི་གྲངས་འབོར་དང་དེས་ཐོན་པའི་ནུས་པ་ལྟར་སོ་སོར་ཆད་པ་གཅོད་རྒྱུ། མཉམ་དུ་སྒྲིག་འགལ་བྱས་པའི་ཉེས་ཅན་གཙོ་བོའི་གནས་ཚུལ་ཚབས་ཆེན་ཡིན་ན། མཉམ་དུ་སྒྲིག་འགལ་བྱས་པའི་སྤྱི་འབོར་ལྟར་ཆད་པ་གཅོད་རྒྱུ།

    སྐྱེ་བོ་གཞན་ལ་ངན་སྐུལ་གྱིས་སྒྲིག་འགལ་བྱེད་དུ་བཅུག་ན། དེས་མཉམ་དུ་སྒྲིག་འགལ་བྱས་པའི་ཁྲོད་ཐོན་པའི་ནུས་པར་གཞིགས་ནས་ཏང་གི་སྒྲིག་ཁྲིམས་ཀྱི་འགན་འཁྲི་རྩད་གཅོད་བྱེད་རྒྱུ།

    དྲི་བ། སྒྲིག་འགལ་བྱེད་སྤྱོད་དང་འབྲེལ་བ་ཡོད་པའི་འགན་འཁུར་མཁན་གྱི་འགན་འཁྲི་ཁག་བགོས་ཇི་ལྟར་བྱེད་དགོས་སམ།

    དྲིས་ལན། དོན་ཚན་སོ་དགུ་པ། སྒྲིག་འགལ་བྱེད་སྤྱོད་ཀྱི་འབྲེལ་ཡོད་འགན་འཁུར་མཁན་གྱི་དབྱེ་བ་ནི།

    (གཅིག) ཐད་ཀར་འགན་འཁུར་མཁན་ཞེས་པ་ནི་དེའི་འགན་འཁྲིའི་ཁྱབ་ཁོངས་ནང་རང་ཉིད་ཀྱི་འགན་འཁྲི་མ་བསྒྲུབས་པའམ་ཡང་དག་མ་བསྒྲུབས་པ་ལས་བྱུང་བའི་གྱོང་གུན་ནམ་མཇུག་འབྲས་ལ་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་པའི་ཏང་ཡོན་ནམ་ཏང་ཡོན་འགོ་ཁྲིད་ལས་བྱེད་པར་གོ་དགོས།

    (གཉིས) འགོ་ཁྲིད་གཙོ་བོའི་འགན་འཁུར་མཁན་ཞེས་པ་ནི་དེའི་འགན་འཁྲིའི་ཁྱབ་ཁོངས་ནང་གཙོ་སྐྱོང་བྱེད་པའི་ལས་ཀའི་འགན་འཁྲི་མ་བསྒྲུབས་པའམ་ཡང་དག་མ་བསྒྲུབས་པ་ལས་བྱུང་བའི་གྱོང་གུན་ནམ་མཇུག་འབྲས་ལ་ཐད་ཀར་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་པའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པར་གོ་དགོས།

    (གསུམ) འགོ་ཁྲིད་གལ་ཆེན་གྱི་འགན་འཁུར་མཁན་ཞེས་པ་ནི་དེའི་འགན་འཁྲིའི་ཁྱབ་ཁོངས་ནང་དོ་དམ་བྱེད་དགོས་པའི་ལས་ཀའམ་ཐེ་ཞུགས་ཀྱིས་ཐག་གཅོད་དགོས་པའི་ལས་ཀའི་འགན་འཁྲི་མ་བསྒྲུབས་པའམ་ཡང་དག་མ་བསྒྲུབས་པ་ལས་བྱུང་བའི་གྱོང་གུན་ནམ་མཇུག་འབྲས་ལ་འགོ་ཁྲིད་ཀྱི་འགན་འཁྲི་ཕལ་པ་ཡོད་མཁན་ཏང་ཡོན་འགོ་ཁྲིད་ལས་བྱེད་པར་གོ་དགོས།

    སྲོལ་ཡིག་འདིའི་ནང་འགོ་ཁྲིད་ཀྱི་འགན་འཁུར་མཁན་ཞེས་པའི་ཁོངས་སུ་འགོ་ཁྲིད་གཙོ་བོའི་འགན་འཁུར་མཁན་དང་འགོ་ཁྲིད་གལ་ཆེན་གྱི་འགན་འཁུར་མཁན་ཚུད་ཡོད།

    དྲི་བ། སྒྲིག་འགལ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་སྒྲིག་གཞིའི་ཁོངས་མིར་ཆད་པ་ཇི་ལྟར་གཅོད་དགོས་སམ།

    དྲིས་ལན། དོན་ཚན་ཉེར་བདུན་པ། ཏང་རྩ་འཛུགས་ཀྱི་འགོ་ཁྲིད་སྒྲིག་གཞིས་མཉམ་དུ་ཏང་གི་སྒྲིག་ཁྲིམས་ལས་འགལ་བའི་ཆོད་དོན་བཞག་པའམ་ཏང་གི་སྒྲིག་ཁྲིམས་ལས་འགལ་བའི་བྱེད་སྤྱོད་གཞན་དག་སྤེལ་ན། མཉམ་དུ་རྐང་བཙུགས་ནས་ཉེས་པ་གསོག་པའི་ཁོངས་མིར་མཉམ་དུ་སྒྲིག་འགལ་ལྟར་ཐག་གཅོད་བྱ་རྒྱུ། ལས་འཛོལ་ཤོར་བའི་རྐྱེན་གྱིས་སྒྲིག་འགལ་བྱུང་བའི་ཁོངས་མིར་རང་སོ་སོའི་མཉམ་སྡེབ་ཀྱི་སྒྲིག་འགལ་ནང་ཐོན་པའི་ནུས་པ་དང་འཁུར་དགོས་པའི་འགན་འཁྲི་ལྟར་སོ་སོར་ཆད་པ་གཅོད་དགོས།

    དྲི་བ། ཏང་ཡོན་གྱིས་བྱས་ཉེས་བསགས་ནས་གནས་ཚུལ་གང་དག་ཡོད་ཚེ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་དགོས་སམ།

    དྲིས་ལན། ཏང་ཡོན་གྱིས་བྱས་ཉེས་བསགས་པར་གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན། ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་དགོས་པ་སྟེ།

    (གཅིག) རྐང་བཙུགས་ནས་ཉེས་པ་བསགས་པའི་རྐྱེན་གྱིས་ཁྲིམས་ལྟར་ཉེས་ཁྲིམས་ནང་གཏན་འབེབས་བྱས་པའི་ཉེས་ཆད་གཙོ་བོ(ཁྲིམས་ཆད་འགྱངས་གཅོད་ཁྱབ་བསྒྲགས་བྱས་པ་ཚུད་པ)ཕོག་པ།

    (གཉིས) ཆབ་སྲིད་ཀྱི་ཁེ་དབང་མེད་པར་བཟོ་བའི་ཉེས་ཆད་རྐྱང་པ་བཅད་པའམ་ཟུར་སྣོན་བྱས་པ།

    (གསུམ) ལས་འཛོལ་ཤོར་བའི་རྐྱེན་གྱིས་བྱས་ཉེས་བསགས་པར་ཁྲིམས་ལྟར་དུས་འཇུག་ལོ་གསུམ་ཡན(ལོ་གསུམ་ཚུད་མེད་པ)གྱི་ཉེས་ཆད་བཅད་པ།

    ལས་འཛོལ་ཤོར་བའི་རྐྱེན་གྱིས་བྱས་ཉེས་བསགས་པར་དུས་བཙོན་ལོ་གསུམ་མན་གྱི་ཉེས་ཆད་དམ་རྩིས་སྤྲོད་དོ་དམ་དང་བཙན་ཉར་ལས་སྐུལ་གྱི་ཉེས་ཆད་བཅད་རིགས། སྤྱིར་བཏང་ཏང་གི་སྐྱིད་སྡུག་ནས་འབུད་དགོས། ཏང་གི་སྐྱིད་སྡུག་ནས་འབུད་མི་དགོས་པའི་རེ་འགའ་ལ། སྒྲིག་འགལ་ཏང་ཡོན་ལ་ཆད་པ་གཅོད་པའི་ཆོག་མཆན་དབང་ཚད་ཀྱི་གཏན་འབེབས་ལྟར་རང་ལས་རིམ་པ་གཅིག་གིས་མཐོ་བའི་ཏང་རྩ་འཛུགས་ལ་བསྐྱར་དུ་ཆོག་མཆན་ཞུ་དགོས།

    དྲི་བ། སྒྲིག་འགལ་གྱི་གྲ་སྒྲིག་ཏང་ཡོན་ལ་ཐག་གཅོད་ཇི་ལྟར་བྱེད་དགོས་སམ།

    དྲིས་ལན། དོན་ཚན་སོ་དྲུག་པ། གྲ་སྒྲིག་ཏང་ཡོན་གྱིས་ཏང་གི་སྒྲིག་ཁྲིམས་ལས་འགལ་ཞིང་ཉེས་ཚབས་ཆུང་ཙམ་ཡིན་པར་གྲ་སྒྲིག་ཏང་ཡོན་གྱི་ཐོབ་ཐང་སོར་འཇོག་བྱེད་ཆོག་རིགས་ལ་ཏང་རྩ་འཛུགས་ཀྱིས་དེར་སྐྱོན་བརྗོད་སློབ་གསོ་གཏོང་བའམ་དེའི་གྲ་སྒྲིག་དུས་ཡུན་རིང་དུ་གཏོང་དགོས། ཉེས་ཚབས་ཆེ་ཙམ་ཡིན་པར་དེའི་གྲ་སྒྲིག་ཏང་ཡོན་གྱི་ཐོབ་ཐང་མེད་པར་བཟོ་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།