དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོས་ཝུ་ཀན་ཏའི་སློབ་གྲྭར་རོགས་སྐྱོར་བྱས་པའི་དགུང་ཟས་རྣམ་གྲངས་ལས་ཝུ་ཀན་ཏའི་བྱིས་པ་ཁྲི་16ལྷག་ཙམ་ལ་ཕན་པ་ཐོབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-06-25

    འདི་ནི་ཝུ་ཀན་ཏའི་མོ་ལུའོ་ཐུའོ་གྲོང་རྡལ་གྱི་ཁཱ་སའེ་མེ་ལི་སློབ་ཆུང་དུ་ཕྲུ་གུ་ཚོས“ལུས་སེམས་གསོ་བའི”སློབ་གྲྭའི་བྱེད་སྒོའི་རི་མོའི་འགྲན་བསྡུར་ལ་ཞུགས་བཞིན་པ།

    ཚེས་20ཉིན། མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ་ཡིས་ཝུ་ཀན་ཏའི་ཁཱ་ལཱ་མོ་ཅཱ་ཆུས་མོ་ལུའོ་ཐུའོ་གྲོང་རྡལ་གྱི་ཁཱ་སའེ་མེ་ལི་སློབ་ཆུང་དུ“ལུས་སེམས་གསོ་བའི”སློབ་གྲྭའི་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་ནས། ཀྲུང་གོས་སློབ་གྲྭ་དེར་རོགས་སྐྱོར་བྱས་པའི་དགུང་ཟས་རྣམ་གྲངས་དངོས་སུ་ལག་ལེན་བསྟར་འགོ་ཚུགས་པར་རྟེན་འབྲེལ་ཞུས་པ་རེད། དེ་གོང་ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ་བརྒྱུད་མ་དངུལ་ཞལ་འདེབས་བརྒྱབ་ནས་ས་ཁུལ་དེའི་སློབ་གྲྭ་315ཡི་བྱིས་པ་ཁྲི་16.5ལ་དུས་ཡུན་ལོ་གཅིག་གི་སློབ་གྲྭའི་དགུང་ཟས་མཁོ་འདོན་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།