དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་རྒན་གསོའི་ཞབས་འདེགས་སྤུས་ཚད་མཐོ་པོས་ལེགས་སུ་འགྲོ་བར་སྐུལ་འདེད་མགྱོགས་སུ་གཏོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-06-25

    2026ལོའི་ལོ་མཇུག་ཏུ་སླེབས་སྐབས་རྫོང་དང་། གྲོང་ཁྱེར། ཆུས་བཅས་ཚང་མར་རྫོང་རིམ་པའི་ངལ་རྩོལ་བྱེད་ནུས་བྲལ་བའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་བསྙེན་བཀུར་ཞབས་འདེགས་སྒྲིག་གཞི་ཉུང་མཐར་ཡང་1བསྐྲུན་རྒྱུ་དང་། རྒན་གསོའི་སྒྲིག་གཞིའི་བདག་སྐྱོང་རྣམ་པའི་ཉལ་ཁྲིའི་བསྡུར་ཚད་70%ལས་མི་ཉུང་བ་དང་ཤང་གྲོང་ཁྲོམ་གཞུང་གི་རྒན་གསོའི་སྒྲིག་བཀོད་ཁྱབ་ཚད་50%ཟིན་པའི་བརྩོན་ལེན་བྱེད་རྒྱུ་རེད།

     མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། “ས་མཐོའི་ཁྱད་ལྡན་རྒན་གསོའི་ཞབས་འདེགས་ཞུ་བའི་མཚོ་སྔོན་གྱི་དཔེ་མཚོན་གཏོད་རྒྱུར་དམིགས་ནས《མཚོ་སྔོན་ཞིང་ཆེན་གྱི་རྒན་གསོའི་ཞབས་འདེགས་སྤུས་ཚད་མཐོ་པོས་ལེགས་སུ་འགྲོ་བའི་ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞི(2024ལོ་ནས་2026ལོ་བར)》ལག་བསྟར་བྱས་ཤིང་། དེའི་ནང་འབྱུང་འགྱུར་ལོ་གསུམ་གྱི་རིང་ཞིང་ཆེན་དེ་ཡོངས་ཀྱི་རྒན་གསོའི་ཞབས་འདེགས་ལས་དོན་གྱི་སྤྱིའི་བླང་བྱ་དང་། གཙོ་གནད་ལས་འགན། འགན་སྲུང་བྱེད་ཐབས་བཅས་བཏོན་ནས་ཞིང་ཆེན་དེ་ཡོངས་ཀྱི་རྒན་གསོའི་ཞབས་འདེགས་སྤུས་ཚད་མཐོ་པོས་ལེགས་སུ་འགྲོ་བར་སྐུལ་འདེད་མགྱོགས་སུ་གཏོང་རྒྱུ་ཡིན”ཞེས་ཟླ་6ཚེས་16ཉིན་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་རྒན་གསོའི་ཞབས་འདེགས་ཁྲུའི་ཁྲུའུ་ཀྲང་ཝང་ཅུན་གྱིས་ངོ་སྤྲོད་བྱས་ཡོད།

    མཚོ་སྔོན་གྱིས་རྒས་དུས་འཚོ་རྟེན་ཡོད་པ་དང་། རྒས་དུས་སྨན་བཅོས་ཐུབ་པ། རྒས་དུས་ལས་རྒྱུ་ཡོད་པ། རྒས་དུས་སྦྱོང་རྒྱུ་ཡོད་པ། རྒས་དུས་སྤྲོ་སྐྱིད་གཏོང་རྒྱུ་ཡོད་པ་བཅས་ཀྱི་དམིགས་ཚད་ལ་གཞིགས་ཏེ“སྡེ་ཁུལ་གྱི་སེ་འབྲུ་ཁྱིམ་གཞིས”བསྐྲུན་རྒྱུར་སྐུལ་འདེད་བཏང་ཞིང་། རྒན་གསོའི་ཞབས་འདེགས་ལ་བརྟེན་ནས་སྤུས་ནུས་ལེགས་གཉེར་གྱིས་རྒན་གསོའི་བྱ་གཞག་དེ་ཕྱོགས་ཡོངས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ནང་ཁྱབ་པར་སྐུལ་འདེད་གཏོང་བ་དང་། མི་རིགས་ཁག་གི་མང་ཚོགས་ལ་དོན་དངོས་སྒྲུབ་པ་དང་ཕན་བདེ་དོན་གཉེར་ཏན་ཏིག་བྱེད་ཀྱི་ཡོད། “སྐར་མ་བཅོ་ལྔའི་འཚོ་བའི་ཁུལ”འཛུགས་སྐྱོང་ཧུར་ཐག་བྱས་ནས་བྱེད་ནུས་མང་པོ་གཅིག་འདུས་ཀྱི་ཕྱོགས་བསྡུས་རྒན་གསོའི་སྒྲིག་བཀོད་ཁག་གཅིག་གཙོ་གནད་དུ་བཟོས་ཏེ་2026ལོར་སླེབས་སྐབས་སྡེ་ཁུལ་གྱི་ཁྱིམ་སྡོད་རྒན་གསོའི་ཞབས་འདེགས་ཁྱབ་ཚད་100%ཟིན་པ་དང་། གསར་དུ་བསྐྲུན་པའི་གྲོང་ཁུལ་དང་སྡོད་ཁུལ་དུ་རྒན་གསོའི་སྒྲིག་བཀོད་ཀྱི་ཚད་གཞི་ལོན་ཚད་100%ཟིན་པ། ཞིང་ཆེན་དེ་ཡོངས་ཀྱི་གྲོང་ཁྱེར་དང་སྡེ་ཁུལ་གྱི་རྒན་རྒོན་གྱི་ཟ་མའི་རོགས་སྐྱོར་ཞབས་འདེགས་ཡོངས་སུ་ཁྱབ་ཐུབ་པ་བཅས་བྱ་རྒྱུ་མ་ཟད། ལོ་ལྟར་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་གྱི་ཁྱིམ་ཚང་1000ལ་རྒན་རྒོན་དང་འཚམ་པའི་སྒྱུར་བཀོད་བྱེད་རྒྱུ་ཡིན་པ་རེད།

    གཞུང་བཙུགས་ཀྱི་རྒན་གསོའི་སྒྲིག་གཞིའི་རྨང་གཞི་རང་བཞིན་གྱི་ནུས་པ་ཆེ་རུ་བཏང་ནས་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་ལ“རྒན་གསོ་བྱེད་དགོས་རིགས་རྒན་གསོ་བྱེད་པའི”འགན་ལེན་བྱས་ཏེ་2026ལོའི་ལོ་མཇུག་ཏུ་སླེབས་སྐབས་རྫོང་དང་། གྲོང་ཁྱེར། ཆུས་བཅས་ཚང་མར་རྫོང་རིམ་པའི་ངལ་རྩོལ་བྱེད་ནུས་བྲལ་བའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་བསྙེན་བཀུར་གྱི་སྒྲིག་གཞི་ཉུང་མཐར་ཡང་1བསྐྲུན་རྒྱུ་དང་། རྒན་གསོའི་སྒྲིག་གཞིའི་བདག་སྐྱོང་རྣམ་པའི་ཉལ་ཁྲིའི་བསྡུར་ཚད་70%ལས་མི་ཉུང་བ་དང་ཤང་གྲོང་ཁྲོམ་གཞུང་གི་རྒན་གསོའི་སྒྲིག་བཀོད་ཁྱབ་ཚད་50%ཟིན་པའི་བརྩོན་ལེན་བྱེད་རྒྱུ་རེད། གྲོང་གསེབ་ཀྱི་རོགས་རེས་ཕན་བདེ་ཁང་དང་ཤང་གྲོང་རྒན་བཀུར་ཁང་སོགས་ད་ཡོད་ཀྱི་རྒན་གསོའི་སྒྲིག་བཀོད་སྒྱུར་བཀོད་ཧུར་ཐག་བྱས་ཏེ་ཞིང་འབྲོག་ཁུལ་གྱི་རྒན་རྒོན་རྒན་གསོའི་ཐད“ཁྱིམ་དང་བྲལ་ཡང་གྲོང་ཚོ་དང་མི་འབྲལ་བའི”དགོས་མཁོ་སྐོང་གི་ཡོད་ཅིང་། ཡུལ་བབ་དང་བསྟུན་ནས་ཉི་འོད་དྲོད་ཁང་འཛུགས་སྐྲུན་བྱེད་པ་དང་། གསོ་རླུང་བཟོ་བའི་འཕྲུལ་ཆས་སོགས་སྒྲིག་ཆས་དང་སྒྲིག་བཀོད་ཚན་རིག་དང་མཐུན་པའི་ངང་སྒྲིག་སྦྱོར་བྱས་ཏེ་2025ལོར་ས་བབ་མཐོ་བའི་ས་ཁུལ་གྱི་རྒན་གསོའི་སྒྲིག་གཞིའི་གསོ་རླུང་མཁོ་འདོན་གྱི་སྒྲིག་ཆས་ཡོངས་སུ་ཁྱབ་ཐུབ་པར་བྱ་རྒྱུ་རེད།

    རྒན་གསོའི་བདག་སྐྱོང་གི་ཤེས་ལྡན་མི་སྣར་སྐུལ་ལྕག་གཏོང་བའི་ལམ་ལུགས་བཟོས་ནས་རྒན་གསོའི་བདག་སྐྱོང་པའི་གླ་ཕོགས་ཐོབ་ཆ་དང་སྤྱི་ཚོགས་འགན་བཅོལ་གྱི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་། མཐོ་རིམ་ལས་རིགས་སློབ་གླིང་དུ་རྒན་གསོའི་བདག་སྐྱོང་དང་དེ་བཞིན་རྒན་རྒོན་གྱི་བདེ་ཐང་དོ་དམ་དང་ཞབས་འདེགས་སོགས་ཀྱི་ཆེད་ལས་བཙུགས་ཏེ། ལོ་ལྟར་རྒན་གསོའི་བདག་སྐྱོང་བ་1000གསོ་སྦྱོང་བྱེད་པ་དང་2026ལོར་སླེབས་སྐབས་སྡེ་ཁུལ་གྱི་རྒན་རྒོན་སྟོང་རེ་དང་རྒན་གསོའི་སྒྲིག་གཞིའི་ཉལ་ཁྲི་བརྒྱ་རེར་སྡེ་ཁུལ་གྱི་ལས་དོན་པ་1རེ་བཀོད་སྒྲིག་བྱེད་རྒྱུ་རེད། སྣ་མང་ཅན་དང་རིམ་པ་མང་བའི་སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་གྱི་ཞབས་འདེགས་ཞུས་ནས་ལོ་ལྟར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་ཁྱིམ་ཚང་གི་སྐྱ་སྒྲིབ་ནད་པ་1000ལ་རིན་མེད་གཤགས་བཅོས་བྱེད་རྒྱུ་རེད། རྒན་རྒོན་གྱི་སྐྱེ་ཁམས་ཡུལ་སྐོར་དང་། བདེ་ཐང་རྒན་གསོ། སྐྱེ་ཁམས་ལུས་གསོ། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་འཕྲོད་སྦྱོར། བདེ་ཐང་བཟའ་བཅའ་བཅས་གཙོ་བོར་བྱས་པའི་ཁྱད་ལྡན་རྒན་གསོའི་ཐོན་ལས་གཉེར་ནས་འབྲེལ་མཐུད་ཤར་གཏོང་དང་མཚམས་སྒོ་འབྱེད་པའི་ཞིང་ཆེན་དེ་ཡོངས་ཀྱི་རིག་ལྡན་རྒན་གསོའི་ཞབས་འདེགས་དྲ་བ་ཞིག་མགྱོགས་མྱུར་བསྐྲུན་ཏེ་རིམ་པ་ལྔའི་རྒན་རྒོན་སློབ་གསོའི་སློབ་གཉེར་དྲ་བ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་རྒན་རྒོན་གྱི་སློབ་གསོ་ཁྱབ་གདལ་གཏོང་ཚད་སྔར་བས་རྒྱ་ཆེར་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།