ལྷོ་ཁས་ཕྱོགས་བསྡུས་རང་བཞིན་གྱི་ས་ཁོངས་སྤྱི་སྤྱོད་སྤུས་རྟགས་ཐོག་མ“བོད་མིའི་འབྱུང་གནས་ལྷོ་ཁ”ཐོ་བཀོད་པ།
ཉེ་ཆར། རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱིས་ཞིབ་མཆན་བཀོད་པ་བརྒྱུད། ལྷོ་ཁ་གྲོང་ཁྱེར་གྱི་ཕྱོགས་བསྡུས་རང་བཞིན་གྱི་ས་ཁོངས་སྤྱི་སྤྱོད་སྤུས་རྟགས་ཐོག་མ་སྟེ“བོད་མིའི་འབྱུང་གནས་ལྷོ་ཁ”ཡི་མཉམ་སྡེབ་ཚོང་རྟགས་ལེགས་གྲུབ་ལྡན་པའི་ངང་ཐོ་བཀོད་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། “བོད་མིའི་འབྱུང་གནས་ལྷོ་ཁ”ནི་ལྷོ་ཁ་གྲོང་ཁྱེར་གྱིས་ཡུལ་སྐོར་རིག་གནས་དང་དྲིལ་བསྒྲགས་འོས་སྦྱོར་བྱེད་རིང་ཐོག་མཐའ་བར་གསུམ་དུ་སྤྱོད་པའི་སྤུས་རྟགས་ཤིག་རེད། ལྷོ་ཁ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་དོན། མཉམ་སྡེབ་ཚོང་རྟགས་དེའི་རེ་ཞུའི་བྱེད་མཁན་ནི་ལྷོ་ཁ་གྲོང་ཁྱེར་ཡུལ་སྐོར་མཐུན་ཚོགས་ཡིན་ཞིང་། 2023ལོའི་ཟླ་6པར་དངོས་སུ་རེ་ཞུ་བྱས་པ་དང་། ཐོ་འགོད་ཁྱབ་ཁོངས་སྨན་རྒྱུ་དང་། མུ་ཏིག་དང་ནོར་བུའི་རྒྱན་ཆ། བཟའ་བཅའ། འཕྲིན་གཏོང་སྨྱན་སྦྱོར། ཡུལ་སྐོར་ཞག་སྡོད། སྨན་བཅོས་ཞབས་ཞུ་སོགས་ཀྱི་ཁྱབ་ཁོངས་དང་འབྲེལ་བ་ཡོད་པ་དང་ཁྱོན་རིགས་12ཡོད། “བོད་མིའི་འབྱུང་གནས་ལྷོ་ཁ”ཡི་ས་ཁོངས་སྤྱི་སྤྱོད་སྤུས་རྟགས་དེ་སྤུས་ཚད་ལྡན་པའི་གྲོང་ཁྱེར་སྟོབས་ཆེན་དང་། གྲོང་གསེབ་དར་རྒྱས། ལྗང་མདོག་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་བཅས་ཀྱི་འཐབ་ཇུས་ཀྱི་དམ་འཛིན་བྱེད་གཞི་ཞིག་ཡིན་པའི་ངོས་ནས་ལེགས་ཆའི་ཁྱད་ལྡན་ཐོན་ལས་ཀྱི་སྤུས་རྟགས་སྟོབས་ཆེར་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།