དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཡ་མ་སུན་སྒྲོལ་བའི“གློག་ཤུགས་མྱུར་འདྲེན་ལམ་བུ”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཧྲེ་ཀྲི་ཕེང་།   |     སྤེལ་དུས།  2024-06-23

    འདི་ནི་མཱ་ལེ་སྡེ་ཁུལ་གྱི་གཞོན་ནུ་ལོ་ཆུང་མཉམ་སྒྲོག་རོལ་དབྱངས་ཚོགས་པའི་དགེ་སློབ་ཚོས་དྲན་རྟེན་མཉམ་པར་རྒྱག་བཞིན་པ།

    འདི་ནི་མེ་ལི་ཧྲན་དུས་ཐེངས་གཉིས་པའི་རྣམ་གྲངས་འཛུགས་སྐྲུན་བྱེད་རིང་ས་གནས་དེ་གའི་ལས་མིས་ཁེར་རྐྱང་དུ་ལུས་པའི་རྩ་ཆེའི་ནེ་ཙོ་སྐྱོབ་བཞིན་པ།

    འདི་ནི་མེ་ལི་ཧྲན་དུས་ཐེངས་གཉིས་པའི་རྣམ་གྲངས་ཀྱིས་རོགས་སྐྲུན་བྱས་པའི་ཤིང་ཏོག་གི་ཁུ་བའི་བཟོ་གྲྭ་ཡིན་པ།

    འདི་ནི་མེ་ལི་ཧྲན་དུས་ཐེངས་གཉིས་པའི་རྣམ་གྲངས་གློག་སྒྱུར་ས་ཚིགས་ཀྱི་སྒྲིག་ཆས་སྒྲིག་སྦྱོར་བྱེད་བཞིན་པ།

    འདི་ནི་མེ་ལི་ཧྲན་དུས་ཐེངས་དང་པོའི་རྣམ་གྲངས་ཀྱི་གློག་འདྲེན་སྐུད་ལམ་ཡིན་པ།

    འདི་ནི་མེ་ལི་ཧྲན་དུས་ཐེངས་གཉིས་པའི་རྣམ་གྲངས་ཀྱི་དབྱི་སི་ཐེ་ལེ་ཏུའི་གློག་སྒྱུར་ས་ཚིགས་ཡིན་པ།

    འདི་ནི་མེ་ལི་ཧྲན་དུས་ཐེངས་གཉིས་པའི་རྣམ་གྲངས་ཞིབ་བཤེར་རྩིས་ལེན་བྱེད་བཞིན་པ།

    འདི་ནི་མེ་ལི་ཧྲན་དུས་ཐེངས་གཉིས་པའི་རྣམ་གྲངས་ཀྱི་ལི་གཡོད་གློག་སྒྱུར་ས་ཚིགས་ཡིན་པ། (པར་ཚང་མ་ཀྲུང་གོ་གློག་དྲ་པར་ཙིར་མ་རྐང་ཚོད་འཛིན་ཀུང་སིས་མཁོ་འདོན་བྱས)

    འདི་ལོའི་ཟླ་4པར། རྒྱལ་ཁབ་གློག་དྲ་པར་ཙིར་མ་རྐང་ཚོད་འཛིན་ཀུང་སིས་པར་ཙིར་གློག་ཤུགས་ལྟ་འདོམས་ཅུས་དང་པར་ཙིར་བྱང་ཤར་རྒྱུད་ཀྱི་ནུས་རྒྱུ་གསར་པའི་ཆན་ཧྥུའུ་±800ཡི་ཆེས་མཐོ་གནོན་གྱི་ཐད་རྒྱུག་གློག་འདྲེན་རྣམ་གྲངས(གཤམ་དུ་པར་ཙིར་བྱང་ཤར་རྒྱུད་ཀྱི་ཆེས་མཐོ་གནོན་གྱི་གློག་འདྲེན་རྣམ་གྲངས་ཞེས་བསྡུ་རྒྱུ)དམིགས་བསལ་གཉེར་སྐྱོང་བྱེད་དབང་གི་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད།

    པར་ཙིར་བྱང་ཤར་རྒྱུད་ཀྱི་ཆེས་མཐོ་གནོན་གྱི་གློག་འདྲེན་རྣམ་གྲངས་ནི་མེ་ལི་ཧྲན་དུས་ཐེངས་དང་པོ་དང་གཉིས་པའི་རྣམ་གྲངས་ཀྱི་རྗེས། པར་ཙིར་དུ་འོས་ཐོབ་རག་པའི་རྒྱལ་ཁབ་གློག་དྲ་ཀུང་སིའི་ཆེས་མཐོ་གནོན་གྱི་གློག་འདྲེན་རྣམ་གྲངས་གསུམ་པ་དེ་རེད། “རྣམ་གྲངས་དེས་པར་ཙིར་བྱང་ཤར་རྒྱུད་དང་བྱང་རྒྱུད་ཀྱི་རླུང་གློག་དང་། ཉི་ནུས། ཆུ་གློག་སོགས་ནུས་རྒྱུ་གཙང་མའི་གློག་སྡེབ་གཅིག་ལ་བཏང་ནས། རྒྱལ་ས་པ་ཞི་ལི་ཡ་སོགས་ལྟེ་བའི་ས་ཁུལ་གྱི་མི་འབོར་ཁྲི་1200ཙམ་གྱི་གློག་སྤྱོད་དགོས་མཁོ་སྐོང་ཐུབ་ཀྱི་ཡོད”ཅེས་རྒྱལ་ཁབ་གློག་དྲ་རྒྱལ་སྤྱིའི་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ཁྲོམ་ར་གསར་སྤེལ་པུའི་ཀྲུའུ་རེན་གཞོན་པ་ཀྲང་ཀྲེ་ཡིས་ངོ་སྤྲོད་བྱས།

    ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་ཆེས་མཐོ་གནོན་གྱི་གློག་འདྲེན་ལག་རྩལ་གྱིས་པར་ཙིར་ལ“གློག་ཤུགས་མྱུར་འདྲེན་ལམ་བུ”སྐྲུན་རོགས་བྱས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བའི་ལྗང་མདོག་འཕེལ་རྒྱས་ཀྱི་མིང་བྱང་ཡག་པོ་ཞིག་ཏུ་གྱུར་ཡོད། མེ་ལི་ཧྲན་རྣམ་གྲངས་ཀྱིས་པར་ཙིར་བྱང་རྒྱུད་ཀྱི་ཡ་མ་སུན་ས་ཁུལ་གྱི་ཕུན་སུམ་ཚོགས་པའི་ནུས་རྒྱུ་གཙང་མའི་ཆུ་གློག་ཤར་རྒྱུད་དང་ལྷོ་རྒྱུད་ཀྱི་གློག་ཤུགས་དགོས་མཁོ་ཆེ་སར་དྲངས་ནས། ཧྲེང་པོ་ལུའོ་དང་ལི་གཡོད་རེ་ནེ་ལུའུ་སོགས་ལྟེ་བའི་ས་ཁུལ་གྱི་མི་ཁྲི་2200ལྷག་ཙམ་གྱི་གློག་སྤྱོད་དགོས་མཁོ་བསྐངས་ཡོད། ན་ནིང་ལོ་མཇུག་བར། རིམ་རྩིས་བརྒྱབ་ན་ནུས་རྒྱུ་གཙང་མའི་གློག་ཆུ་ཚོད་ཆན་ཝ་དུང་ཕྱུར་1800ལྷག་ཙམ་བཏང་བ་དེ་ཚད་ལྡན་རྡོ་སོལ་ཏུན་ཁྲི་6400གྲོན་ཆུང་ཐུབ་པ་དང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་དུང་ཕྱུར་1.7ཉུང་དུ་ཕྱིན་པ་དང་ཧ་ལམ་གཅིག་མཚུངས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།