དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་བཟའ་བཅའི་བདེ་འཇགས་དང་འཚོ་བཅུད་བདེ་ཐང་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-06-22

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱིས་བཟའ་བཅའི་བདེ་འཇགས་དང་འཚོ་བཅུད་བདེ་ཐང་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། བཟའ་བཅའི་བདེ་འཇགས་ཀྱི་ཚད་གཞི་དོ་དམ་ལ་མུ་མཐུད་ཤུགས་སྣོན་བརྒྱབ་པ་དང་། ཉ་ཧུང་ཙུན་དང་། ལི་གྲོའི་ཏན་ཞིམ། ནས་ཀྱི་ཨ་རག་སོགས་བཟའ་བཅའི་བདེ་འཇགས་ཀྱི་ས་གནས་ཚད་གཞི་ཁག་5ཁྱབ་བསྒྲགས་བྱས་པ་རེད། 《མཚོ་སྔོན་ཞིང་ཆེན་གྱི་བཟའ་བཅའི་བདེ་འཇགས་ཁེ་ལས་ཀྱི་ཚད་གཞི་དོ་དམ་བྱེད་ཐབས》དོན་འཁྱོལ་ནན་པོ་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས་དང་མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་དང་མཉམ་དུ《བཟའ་བཅའི་བདེ་འཇགས་ཚད་གཞིའི་རྗེས་འདེད་གདེང་འཇོག་ལས་དོན་ཇུས་གཞི》བཟོས་ཏེ་བཀྲམ་ནས། བཟའ་བཅའི་བདེ་འཇགས་ཀྱི་ས་གནས་ཀྱི་ཚད་གཞིར་བརྟག་ཞིབ་དང་ཚད་གཞིར་རྗེས་འདེད་གདེང་འཇོག་ལས་དོན་ལེགས་སྒྲུབ་བྱས་པ་རེད། བཟའ་བཅའི་བདེ་འཇགས་ཀྱི་ཉེན་ཁར་ལྟ་ཞིབ་ཚད་ལེན་དང་སྔོན་བརྡའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ལོ་འཁོར་གྱི་བཟའ་བཅའི་བདེ་འཇགས་ཀྱི་ཉེན་ཁར་ལྟ་ཞིབ་ཚད་ལེན་དང་བཟའ་བཅའི་འབྱུང་ཁུངས་རང་བཞིན་གྱི་ནད་ཡམས་ལྟ་ཞིབ་ཚད་ལེན་གྱི་ཇུས་གཞི་བཟོས་ཏེ་བཀྲམ་ནས་བཟའ་བཅའི་བདེ་འཇགས་ཀྱི་ཉེན་ཁའི་ལྟ་ཞིབ་ཚད་ལེན་གྱི་ཁྱབ་རྒྱ་ཆེ་རུ་བཏང་བ་རེད།

    རྒྱལ་དམངས་ཀྱི་འཚོ་བཅུད་འཆར་གཞི་དང་བཟའ་བཅའི་ལུགས་མཐུན་བྱ་སྤྱོད་ཏན་ཏིག་སྤེལ་ནས“དམངས་ཡོངས་ཀྱི་འཚོ་བཅུད་གཟའ་འཁོར”དང“5·20ཀྲུང་གོའི་སློབ་མའི་འཚོ་བཅུད་ཉིན་མོ”སོགས་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་འཚོ་བཅུད་དཔུང་ཁག་གི་ཆེད་ལས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་འཚོ་བཅུད་བདེ་ཐང་གི་བཟའ་བཅའི་ཚན་པ་འཛུཌ་སྐྲུན་ལ་དཔྱད་དཔོག་མཛུབ་ཁྲིད་དང་གཅིག་སྡུད་བཟའ་བཅའ་སྤྱོད་པའི་ཚན་པའི་བཟའ་བཅའི་བདེ་འཇགས་ཀྱི་ཆེད་དོན་བཅོས་སྐྱོང་བྱ་སྤྱོད་སྤེལ་བ། 《མཚོ་སྔོན་ཞིང་ཆེན་གྱི་ཞིང་འབྲོག་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་སློབ་མའི་བཟའ་བཅའི་འཚོ་བཅུད་མཛུབ་ཁྲིད་ལག་དེབ(བོད་ཡིག་པར་གཞི)》རྩོམ་སྒྲིག་འགྲེམས་སྤེལ་བཅས་བྱས་ཏེ། འཚོ་བཅུད་བདེ་ཐང་ཤེས་བྱ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ་དང་། བཟའ་བཅའི་བདེ་འཇགས་ཀྱི་མཐའ་ཚད་ནན་པོར་སྲུང་ཐོག འཚོ་བཅུད་བདེ་ཐང་གི་ཚད་གཞི་མཐོ་རུ་གཏོང་བ་དང་ཞིང་ཆེན་ཡོངས་ཀྱི་བཟའ་བཅའི་བདེ་འཇགས་དང་འཚོ་བཅུད་བདེ་ཐང་ལས་དོན་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།