དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་དམངས་སྲོལ་དངོས་མཚོན་པར་གཞི《བདག་གི་ཅང་ཤེས་རྟ་ཕོ》ཞེས་པར་འཛམ་གླིང་མི་རིགས་གློག་བརྙན་དུས་ཆེན་ཐོག་དངོས་མཚོན་བརྙན་ཐུང་རྩེ་གྲའི་བྱ་དགའ་ཐོབ་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-06-22

    ཟླ་6ཚེས་18ཉིན། འཛམ་གླིང་མི་རིགས་གློག་བརྙན་དུས་ཆེན་སྐབས་21པའི་ཐོག མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་དང་སེ་འབྲུ་གློག་བརྙན་བརྙན་འཕྲིན་རིག་གནས་སྨྱན་སྦྱོར་ལས་སྒྲུབ་ཁང་གིས་མཉམ་དུ་རྩོམ་བཟོ་བྱས་པའི་དམངས་སྲོལ་དངོས་མཚོན་པར་གཞི《བདག་གི་ཅང་ཤེས་རྟ་ཕོ》ཞེས་པར་རྒྱལ་སྤྱིའི་དངོས་མཚོན་པར་གཞིའི་འགྲན་བསྡུར་ཁོངས་གཏོགས་ཀྱི་དངོས་མཚོན་བརྙན་ཐུང་རྩེ་གྲའི་བྱ་དགའ་ཐོབ་པ་རེད།

    འཛམ་གླིང་མི་རིགས་གློག་བརྙན་དུས་ཆེན་ནི་ལོ་ལྟར་ཨ་རིའི་ལུའོ་ཧྲན་ཅི་དུ་གཉེར་གྱི་ཡོད་པ་དང་། དེས་མི་རིགས་བརྗོད་དོན་གཙོ་བོར་བྱས་པའི་འཛམ་གླིང་ཡུལ་གྲུ་ཁག་གི་གློག་བརྙན་ལ་སྤེལ་རེས་དང་བརྙན་སྟོན་གྱི་ལས་སྟེགས་མཁོ་འདོན་བྱེད་ཀྱི་ཡོད། 2023ལོའི་ལོ་མཇུག་བར་གློག་བརྙན་དུས་ཆེན་སྐབས་20བདེ་བླག་ངང་གཉེར་བ་དང་། གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་30ལྷག་ཙམ་དང་མི་རིགས་352ལ་ཁྱབ་པའི་གློག་བརྙན་བརྩམས་ཆོས་དང་དེ་བཞིན་གློག་བརྙན་ལས་དོན་པ་མང་དག་ཅིག་དེའི་ནང་ཧུར་ཐག་ཞུགས་ཡོད། དུས་ཆེན་དེས་མི་རིགས་གློག་བརྙན་ཁྱབ་ཁོངས་སུ་ཤུགས་རྐྱེན་གལ་ཆེན་ཐེབས་ཡོད་པ་མ་ཟད། ལེགས་སྐྱེས་ཀྱང་ཆེན་པོ་ཕུལ་ཡོད་པས་ལས་རིགས་ནང་ཁུལ་གྱི་མི་སྣས“མི་རིགས་གློག་བརྙན་གྱི་ཨོ་སི་ཁ”ཞེས་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད།

    བྱ་དགའ་ཐོབ་པའི་དམངས་སྲོལ་དངོས་མཚོན་པར་གཞི《བདག་གི་ཅང་ཤེས་རྟ་ཕོ》ཞེས་པས་མཚོ་ནུབ་ཀྲོའུ་ཐེམ་ཆེན་རྫོང་གི་འབྲོག་པ་གསེར་བཟང་སྐྱབས་ཀྱི་རྟ་གསོས་པའི་མྱོང་བ་དངོས་མཐོང་སྣེ་རུ་བྱས་ཏེ། རྟའི་རིག་གནས་ཀྱི་འཕོ་འགྱུར་བརྒྱུད་རིམ་དང་། རྟའི་བཅོས་ཐབས་སྣ་ཚོགས། རྟ་འདུལ་བའི་ཉམས་མྱོང་གི་མན་ངག དེ་བཞིན་རྟ་རྒྱུག་ལ་ཞུགས་པ་སོཌ་ནང་དོན་ཁག་ལྔ་ལ་ཕྱེ་ནས་བརྗོད་ཡོད། པར་གཞི་དེ་ལས་ཐེམ་ཆེན་རྫོང་གི་སྣ་མང་ཕུན་སུམ་ཚོཌ་པའི་རྟའི་རིག་གནས་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་པར་མ་ཟད། ཡུལ་དེ་གའི་འབྲོག་པའི་སྲ་ཞིང་བརྟན་པའི་སྙིང་རུས་དང་ཞུམ་པ་མེད་པའི་བློ་སྟོབས་ཀྱང་གཏིང་ཟབ་མཚོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།