དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཚན་རྩལ་ལ་བརྟེན་ནས་སྲེའུ་མངར་གྱི་ཐོན་འབབ་འཕར་བར་བྱེད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-06-22

    ད་ལྟ་ནི་ཝུན་ཁྲོན་གྱི་སྲེའུ་མངར་ཁྲོམ་རར་འདོན་པའི་དུས་ཡིན་པས། སི་ཁྲོན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་དབུན་ཁྲོན་རྫོང་གི་སྲེའུ་མངར་ཉོ་ཚོང་ཁྲོམ་རར་མི་ཚོགས་ཀྱིས་ཁེངས་ཡོད། སྲེའུ་མངར་སྐྱེལ་འདྲེན་ལས་ལ་གཞོལ་བའི་དེ་གའི་ཤིང་འབྲས་འདེབས་འཛུགས་ཞིང་པ་དང་། ཐུམ་སྒྲིལ་ནང་བླུགས་ནས་དབོར་མཁན་ཟོག་འགྲེམས་མྱུར་སྐྱེལ་བ། སྲེའུ་སོས་པའི་བྲོ་བ་མྱོང་བར་ཡོང་མཁན་ཡུལ་སྐོར་བ་བཅས་དེ་གར་མ་གྲོས་གཅིག་ཏུ་འཛོམས་པས་འཁྲུག་ཆ་ཧ་ཅང་དོད།

    “རིགས་གཅིག་མཁས་ཅན་གྱིས་ང་ཚོར་ལག་རྩལ་གསར་པ་བསླབས་པ་ནས་བཟུང་། ལོ་འདི་དག་རིང་སྲེའུ་མངར་མང་པོ་བཏགས་བྱུང”ཞེས་སྲེའུ་སོས་པ་འཚོང་བཞིན་པའི་ཝེ་ཀྲོའུ་གྲོང་རྡལ་གཡོད་ལི་གྲོང་ཚོའི་ཆའང་རིགས་ཀྱི་ཨ་མ་རྒན་མོ་འོད་ཟེར་བག་གྲོས་བཤད་པ་དང་། འཛད་སྤྱོད་པ་དང་གོང་འགྲིག་བྱས་རྗེས་རྒྱ་མ་རེར་སྒོར་15བྱས་ནས་བཙོངས།

    ཨ་མ་རྒན་མོས་གོང་དུ་བཤད་པའི་ལག་རྩལ་གསར་པ་ཟེར་བ་ནི་ཝུན་ཁྲོན་རྫོང་གིས་སི་ཁྲོན་ཞིང་ལས་སློབ་ཆེན་དང་སི་ཁྲོན་ཞིང་ཆེན་ཞིང་ལས་ཚན་རྩལ་སློབ་གླིང་སོགས་ཚན་ཞིབ་ཁང་དང་མཉམ་ལས་བྱས་ནས་ཁྱབ་གདལ་བཏང་བའི་སྲེའུ་མངར་སྤུས་ལེགས་སྔ་ཙམ་སྨིན་ཐུབ་པ་མ་ཟད། ཐོན་འཕར་དང་ཐོན་འབབ་བརྟན་པོ་ཡོང་ཐབས་བྱེད་པའི་ལག་རྩལ་ཞིག་རེད།

    དབུན་ཁྲོན་རྫོང་གྲོང་ནས་ཐག་མི་རིང་བའི་སར་གནས་པའི་ཝེ་ཀྲོའུ་གྲོང་རྡལ་པུའུ་ཝ་གྲོང་ཚོའི་རི་སྟེང་གི་ཅིའུ་ཀེང་ཞིང་ལས་གླིང་གི་འགན་འཁུར་བ་ལིའུ་མིང་ཆིང་གིས་གླིང་ཁུལ་གྱི་ས་ཁྱོན་ལ་མུའུ་288ཟིན་པ་དང་། “མཐོ་སློབ་རིགས་གཅིག་མཁས་ཅན་གྱི་དགེ་རྒན་ཆེ་མོ་བ་དང་། རྫོང་ཚན་རྩལ་ཞིང་ལས་ཅུས་ཀྱི་ལག་རྩལ་རིགས་གཅིག་མཁས་ཅན། པུའུ་ཝ་གྲོང་ཚོའི་ཏང་ཀྲི་པུའུ”བཅས་ཟུང་དུ་འབྲེལ་བའི་ཕྱོགས་གསུམ་པོས་མཉམ་སྐྲུན་བྱེད་པའི་བྱེད་སྟངས་སྤྱོད་ཀྱི་ཡོད། མིག་སྔར། འདི་གར་སྲེའུ་མངར་སྡོང་པོ་ཚད་ལྡན་ཅན་འདེབས་འཛུགས་ཁུལ་དང་། སྣ་ཁ་གསར་པ་འདེབས་འཛུགས་ཁུལ། འཐུ་བསྡུ་ཁུལ་སོགས་ཡོད། རྫོང་ཚན་རིག་ལག་རྩལ་དང་ཞིང་ལས་འབྲོག་ལས་ཅུས་དང་། དེ་བཞིན་མཐོ་སློབ་རིགས་གཅིག་མཁས་ཅན་གྱི་རྒྱབ་སྐྱོར་ལ་བརྟེན་ནས་གླིང་ཁུལ་གྱི་དཔལ་འབྱོར་ཕན་འབྲས་ལོ་རེ་བཞིན་ཡག་ཏུ་ཕྱིན་ཏེ་ལོའི་བྲིན་ཚོང་ཡོང་འབབ་སྒོར་ཁྲི་200ལས་བརྒལ་ཡོད་ཅེས་བཤད།

    སི་ཁྲོན་ཞིང་ལས་སློབ་ཆེན་སྐྱེད་ཚལ་སློབ་གླིང་གི་ཡོན་ཀྲང་གཞོན་པ་དགེ་རྒན་ཆེ་མོ་བ་ཀུང་རུང་ཀའོ་ནི་གླིང་ཁུལ་གྱི་མཐོ་སློབ་རིགས་གཅིག་མཁས་ཅན་ཡིན་པ་དང་། ཁོང་གི་ཞིབ་འཇུག་ཚོགས་པས་ཟླ་རེ་བཞིན་དབུན་ཁྲོན་དུ་ཐེངས་གཉིས་གསུམ་ཙམ་བསྐྱོད་དེ། གྲོང་ཚོའི་རྩ་འཛུགས་ལས་བྱེད་པ་དང་ཉམས་མྱོང་ཕུན་སུམ་ཚོགས་པའི་འདེབས་འཛུགས་དུད་ཚང་སོགས་ལས་གྲུབ་པའི་ལག་རྩལ་ཞབས་ཞུ་རུ་ཁག་གི་རུ་མིར་ལག་རྩལ་དམར་ཁྲིད་བྱས་ནས་ལག་རྩལ་དེ་དག་འདེབས་འཛུགས་དུད་ཚང་ཚང་མར་ཁྱབ་གདལ་གཏོང་གི་ཡོད།

    ཉེ་བའི་ལོ་ཤས་རིང་། དབུན་ཁྲོན་རྫོང་གིས་སྣ་ཁ་གསར་པ་ཚོད་ལྟ་ལེགས་འདེམས་དང་། སྐྱེ་ལྡན་ལུད་རྒྱག་པ། ནད་འབུའི་གནོད་འཚེ་འགོག་པའི་འབྱུང་འཕྲོད་ལག་རྩལ་སྤྱོད་པ། ཞིང་སྨན་གྱི་སྙིགས་རོར་བརྟག་ཞིབ་ཚད་ལེན་བྱེད་པ་སོགས་བརྒྱུད། འབྱུང་རྩ་ནས་སྤུས་ཚད་འགན་ལེན་ཏན་ཏིག་བྱས་ནས་སྲེའུ་མངར་ཐོན་ལས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཞིང་། མིག་སྔར། རྫོང་ཡོངས་ཀྱི་སྲེའུ་མངར་འདེབས་ཁྱོན་མུའུ་ཁྲི་3ཙམ་ཟིན་པ་དང་ལོའི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་6ལས་བརྒལ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།