དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་ཧྲང་ཧའེ་ས་ཁོངས་ལྟེ་གནས་དངོས་སུ་ལས་འགོ་ཚུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-06-22

    ཚེས་19ཉིན་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་ཧྲང་ཧའེ་ས་ཁོངས་ལྟེ་གནས་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་པ་རེད།

    གསར་འགོད་པར་ཀྲུང་གོ་མི་དམངས་དངུལ་ཁང་ནས་ཤེས་རྟོགས་བྱུང་བར། ཧྲང་ཧའེ་ས་ཁོངས་ལྟེ་གནས་ནི་གོ་ལ་ཧྲིལ་པོར་བཙུགས་པའི་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་ས་ཁོངས་ལྟེ་གནས་ཀྱི་གྲས་ཤིག་ཡིན། དེའི་དམིགས་ཡུལ་ནི་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་གྱི་དཔལ་འབྱོར་སྒྲིག་གཞིའི་དབར་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་གསར་དར་ཁྲོམ་ར་དང་ཡོང་འབབ་འབྲིང་ཙམ་གྱི་རྒྱལ་ཁབ་ཀྱིས་ས་ཁོངས་ཀྱི་འབྲེལ་ཡོད་ཞིབ་འཇུག་ལ་དོ་སྣང་བྱས་ཏེ་ས་ཁོངས་ཀྱི་དཔལ་འབྱོར་སྒྲིག་གཞིས་བཏོན་པའི་དམིགས་ས་ཡོད་པའི་ནུས་པ་འཛུགས་སྐྱོང་ལ་རྒྱབ་སྐྱོར་གྱིས་གོ་ལ་ཧྲིལ་པོ་དང་ས་ཁོངས་ཀྱི་དངུལ་རྩ་བརྟན་པོ་ཡོང་བར་སྲུང་སྐྱོང་བྱ་རྒྱུ་དེ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།