དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ལྷ་ས་གྲོང་ཁྱེར་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ།

    དཔལ་འབྱོར་ལ་སྐུལ་འདེད་གཏོང་བ་དང་། དམངས་འཚོར་ཕན་འདོགས་པ། ཁེ་ལས་ལ་རོགས་སྐྱོར་བྱེད་པ་བཅས་ཀྱི་སྲིད་ཇུས་དོན་ཚན་བརྒྱད་ལ་གསལ་འགྲེལ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-22

    ཉེ་ཆར། ལྷ་ས་གྲོང་ཁྱེར་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་དང་། གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས། གྲོང་ཁྱེར་ཚོང་དོན་ཅུས་སོགས་ཀྱི་ཚན་པའི་འགན་འཁུར་བློ་མཐུན་གྱིས་ལྷ་ས་གྲོང་ཁྱེར་གྱིས་དཔལ་འབྱོར་ལ་སྐུལ་འདེད་གཏོང་བ་དང་། དམངས་འཚོར་ཕན་འདོགས་པ། ཁེ་ལས་ལ་རོགས་སྐྱོར་བྱེད་པ་བཅས་ཀྱི་སྲིད་ཇུས་དོན་ཚན་བརྒྱད(གཤམ་དུ《སྲིད་ཇུས་དོན་ཚན་བརྒྱད》ཅེས་བསྡུ་རྒྱུ)ལ་སྲིད་ཇུས་ཀྱི་གསལ་འགྲེལ་བྱས་པ་དང་འབྲེལ་གསར་འགོད་པའི་དྲི་བར་ལན་ཡང་བཏབ་པ་རེད།

    《སྲིད་ཇུས་དོན་ཚན་བརྒྱད》2024ལོའི་ཟླ་6ཚེས་1ཉིན་ནས་2024ལོའི་ཟླ་12ཚེས་31ཉིན་བར་ལག་ལེན་བསྟར་རྒྱུ་ཡིན་ཞིང་། ཐོན་ལས་གསུམ་པའི་འཕར་གཞིར་སྐུལ་འདེད་གཏོང་རྒྱུ་དམིགས་སར་བྱས་ཏེ། ཐོན་སྐྱེད་བྱེད་མཁན་དང་དགོས་མཁོ་ཡོད་མཁན་ཕྱོགས་གཉིས་ཀ་ནས་ཤུགས་བརྒྱབ་སྟེ“ཞིང་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། བཟོ་ལས་ཀྱི་ཐོན་འཕར་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་བ། ཚོང་རྫས་ཀྱི་འཛད་སྤྱོད་འཛིན་ཤོག་སྤྲོད་པ། སྡོད་ཁང་གི་དགོས་མཁོ་ལེགས་སུ་ངེས་ཅན་གཏོང་བ། རླངས་འཁོར་གྱི་འཛད་སྤྱོད་རྒྱ་ཆེར་ཤུགས་ཆེན་གཏོང་བ། ཁྱིམ་ཆས་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་པ། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ། ཁྲོམ་རའི་བྱེད་པོ་སྐྱེད་སྲིང་དང་རྒྱ་སྟོབས་ཆེ་རུ་གཏོང་བ”སོགས་ལ་དམིགས་ནས་ཁ་གསབ་ཀྱི་སྲིད་ཇུས་དོན་ཚན་8དང་ནང་དོན་ཁག་23བཟོས་ཡོད།

    གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག ལྷ་ས་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱིས་སྣེ་ཁྲིད་པའི་ཁ་གསབ་ཀྱི་ནང་དོན་ཁག་22པའི་ཐད་ལ། ལྷ་ས་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་ཅང་ཞའོ་ལེ་ཡིས“མཛོད་འཇུག་གི་གཞི་ཁྱོན་ཡན་གྱི་ཞབས་ཞུའི་ལས་རིགས་ཀྱི་ཁེ་ལས་འཕར་མར་སྤྲོད་ཐེངས་གཅིག་ལ་བྱ་དགའི་དངུལ་མི་དམངས་ཤོག་སྒོར་ཁྲི་10སྤྲོད་རྒྱུ་དང་། གཞི་ཁྱོན་ཡན་གྱི་ཞབས་ཞུའི་ལས་རིགས་ཀྱི་ཁེ་ལས་འཕར་མས་ཐོན་སྐྱེད་གཉེར་སྐྱོང་གི་དངུལ་བུན་སྐྱེད་ཀ་སྤྱོད་པའི་ཐད་དོན་དངོས་ཀྱི་གཏོང་ཡོང་དངུལ་གྲངས་ཀྱི་50%ལྟར་ཁ་གསབ་སྤྲོད་རྒྱུའི”ནང་དོན་གསལ་འགྲེལ་བྱས་ཡོད། ཁོང་གིས། ཁ་གསབ་མ་དངུལ་བེད་སྤྱོད་ཀྱི་བདེ་འཇགས་རང་བཞིན་དང་ཕན་འབྲས་རང་བཞིན་སྔར་བས་ཆེ་རུ་གཏོང་ཆེད། ལྷ་ས་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱིས་དོན་དངོས་ལ་གཞིགས་ནས《ལྷ་ས་གྲོང་ཁྱེར་གྱི་མཛོད་འཇུག་གི་གཞི་ཁྱོན་ཡན་གྱི་ཞབས་ཞུའི་ལས་རིགས་ཀྱི་ཁེ་ལས་འཕར་མར་བྱ་དགའ་དང་དངུལ་བུན་གྱི་སྐྱེད་གསབ་སྤྲོད་པའི་ལག་བསྟར་ཞིབ་སྲོལ》ཞིབ་འཇུག་བྱས་ནས་བཟོས་པ་དེ་ཟླ་6ཚེས་14ཉིན“ལྷ་ས་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན”གྱི་སྐད་འཕྲིན་སྤྱི་རྟགས་ཐོག་ཡོངས་བསྒྲགས་བྱས་ཡོད། སྲིད་ཇུས་ལག་བསྟར་བྱེད་མཇུག་མ་འགྲིལ་གོང་དུ་ཟླ་འཁོར་དང་ལོ་འཁོར་གྱི་བྱེད་སྟངས་ཐོག་ནས་མཛོད་འཇུག་བདེ་བླག་བྱུང་བའི་ཞབས་ཞུའི་ལས་རིགས་ཀྱི་ཁེ་ལས་ཀྱིས་སྤྲོད་ཐེངས་གཅིག་གི་བྱ་དགའི་ཁ་གསབ་རེ་ཞུ་བྱེད་ཆོག གསར་དུ་མཛོད་འཇུག་བྱས་པ་དང་ཐོན་སྐྱེད་ཀྱི་གཉེར་སྐྱོང་རང་བཞིན་གྱི་དངུལ་བུན་འགྲོ་ལུགས་བདེ་བླག་ངང་གཉེར་ཐུབ་པའི་གཞི་ཁྱོན་ཡན་གྱི་ཞབས་ཞུའི་ལས་རིགས་ཁེ་ལས་ཀྱིས་2024ལོར་ཐོན་པའི་དངུལ་བུན་སྐྱེད་ཀ་དེ་དོན་དངོས་ཀྱི་གཏོང་ཡོང་དངུལ་གྲངས་ཀྱི་50%ལྟར་སྐྱེད་གསབ་རེ་ཞུ་བྱེད་ཆོག་ཅེས་བརྗོད།

    གོམ་སྟབས་རྗེས་མར་ལྷ་ས་གྲོང་ཁྱེར་གྱིས་འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏིན་ཏིག་བཏང་ནས་ཁ་གསབ་ཀྱི་སྲིད་ཇུས་ཁག་དོན་འཁྱོལ་ཞིབ་ཚགས་ཡོང་བ་བྱས་ནས་ཁེ་ལས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་ཤུགས་སྣོན་བརྒྱབ་སྟེ་ཚོང་གཉེར་གྱི་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་བཏོད་ནས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་སྔོན་དཔག་གི་དམིགས་ཚད་དུ་སླེབས་པར་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།