དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཆུ་གསུམ་སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག་གིས་སྡེ་ཁུལ་གྱི་མཉམ་སྡེབ་དཔལ་འབྱོར་སྟོབས་ ཆེར་གཏོང་རོགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-21

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་ཆུ་གསུམ་སྡེ་ཁུལ་གྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་གཉིས་པས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་གྲོང་གསེབ་དར་རྒྱས་གཉིས་འབྲེལ་མཐུད་ཡག་པོ་བྱས་ནས། སྡེ་ཁུལ་གྱི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་རོགས་བྱས་པ་རེད།

    ལྷ་རྒྱ་རི་ཁྱིམ་ལས་ཞབས་ཞུ་ཚད་ཡོད་འགན་འཁྲི་ཀུང་སི་དང་། རྩེད་ཐང་གི་ཚོང་ལས་ཁང་པ་བོགས་གཏོང་། རིག་གནས་དང་ཡུལ་སྐོར་ཟུང་འབྲེལ་གྱི་ཐོན་ལས་རྣམ་གྲངས་སོགས་འཚོལ་ཞིབ་དང་འཕེལ་རྒྱས་བཏང་བ་བརྒྱུད། 2023ལོར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་ཡོང་འབབ་སྒོར་ཁྲི་64ཟིན་པ་དེ་2022ལོ་དང་བསྡུར་ན་སྒོར་ཁྲི་3འཕར་ཞིང་། འཕར་ཚད་དེས་སྡེ་ཁུལ་གྱི་དུད་ཚང་304ཡི་གྲོང་མིར་ཁེ་སྤོགས་སྒོར་ཁྲི་22.6724རག་པ་མ་ཟད། 2023ལོར་སྡེ་ཁུལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་20641ཟིན་པར་སྣེ་ཁྲིད་ཐུབ་ཡོད།

    གྲོང་སྡོད་ལས་དོན་རུ་ཁག་གིས་ད་དུང་རྣམ་གྲངས་མང་པོ་བརྩོན་ལེན་ཧུར་ཐག་བྱས་ནས་རྣམ་གྲངས་སྒུལ་ཤུགས་སུ་བྱས་ཏེ་མང་ཚོགས་ཀྱི་ཡོང་འབབ་འཕར་བར་སྐུལ་འདེད་བཏང་བ་སྟེ། ཡུལ་སྐོར་འཕེལ་རྒྱས་ཅུས་དང་འབྲེལ་མཐུད་ཡག་པོ་བྱས་ནས་སྒོར་ཁྲི་100ཡི་གྲོང་གསེབ་དར་རྒྱས་གཏོང་བའི་དམངས་སྲོལ་ཡུལ་སྐོར་རྣམ་གྲངས་བརྩོན་ལེན་བྱས་པ་དང་། དམངས་སྲིད་ཅུས་དང་འབྲེལ་མཐུད་བྱས་ཏེ་སྒོར་ཁྲི་300བརྩོན་ལེན་བྱས་ནས་རྒན་རྒོན་བྱེད་སྒོའི་ལྟེ་གནས་ཀྱི་རྣམ་གྲངས་ལག་ལེན་བསྟར་བ་རེད། གཞན་ཡང་། ཁོང་ཚོས་ད་དུང་གུད་གསབ་ལས་སྤྲོད་ཀྱི་མ་དངུལ་སྒོར་ཁྲི་215བརྩོན་ལེན་བྱེད་བཞིན་ཡོད་པ་དེ་སྡེ་ཁུལ་གྱི་ཞིང་ཆུ་འདྲེན་གཏོང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་སྤྱོད་རྩིས་ཡོད་པ་རེད། རྣམ་གྲངས་དེ་དག་བསྐྲུན་རྗེས། མང་ཚོགས་ལ་ཕན་པ་ཆེན་པོ་ཐོབ་པ་མ་ཟད། རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་སྔར་བས་ལེགས་སུ་ཕྱིན་ནས་སྡེ་ཁུལ་གྱི་ཕུགས་ཀྱི་འཕེལ་རྒྱས་ལའང་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།