རྒན་ཡོལ་ཞུས་པའི་ཁོང་རྣམ་པར་གཏམ་བཟང་ཞིག་ཞུ་རྒྱུ་ཡོད།
གསར་འགོད་པར་མི་སྤྱི་པུའུ་ནས་ཤེས་རྟོགས་བྱུང་བར། 2024ལོའི་ཟླ་1ཚེས་1ཉིན་ནས་བཟུང་། 2023ལོའི་ལོ་མཇུག་གོང་གཏན་འབེབས་ལྟར་རྒན་ཡོལ་གྱི་འགྲོ་ལུགས་གཉེར་ཟིན་པ་མ་ཟད། ཟླ་རེ་བཞིན་གཞི་རྩའི་རྒན་གསོའི་དངུལ་ལེན་བཞིན་པའི་ཁེ་ལས་དང་། ལས་ཁུངས་དང་བྱ་གཞག་ཚན་པའི་རྒན་ཡོལ་ཞུ་མཁན་གྱི་གཞི་རྩའི་རྒན་གསོའི་དངུལ་སྤར་རྒྱུ་ཡིན་ཞིང་། སྤྱི་ཡོངས་ནས་སྤོར་བའི་ཚད་གཞི་ནི་2023ལོའི་རྒན་ཡོལ་ཞུ་མཁན་གྱི་ཟླ་རེའི་མི་རེའི་ཆ་སྙོམས་ཀྱི་གཞི་རྩའི་རྒན་གསོའི་དངུལ་གྱི་3%ཡིན་པ་རེད།
ད་ཐེངས་ཀྱི་རྒན་གསོའི་དངུལ་སྤོར་སྐབས། བཅད་གྲངས་ལེགས་སྒྲིག་དང་། འབྲེལ་མཐུད་ལེགས་སྒྲིག གཟིགས་སྐྱོང་འོས་འཚམ་བཅས་ཕན་ཚུན་ཟུང་འབྲེལ་བྱེད་པའི་ལེགས་སྒྲིག་གི་བྱ་ཐབས་མུ་མཐུད་སྤྱོད་རྒྱུ་ཡིན་པ་དང་། བཅད་གྲངས་ལེགས་སྒྲིག་ལས་སྤྱི་ཚོགས་ཀྱི་དྲང་གཞག་མངོན་ཞིང་། ས་ཁུལ་གཅིག་གི་རྒན་ཡོལ་ཞུ་མཁན་སྣ་ཚོགས་ཀྱི་རྒན་གསོའི་དངུལ་སྤོར་བའི་ཚད་གཞི་གཅིག་མཚུངས་ཡིན་པ་དང་། འབྲེལ་མཐུད་ལེགས་སྒྲིག་ལས“མང་པོ་འཇལ་ན་མང་པོ་ལེན་རྒྱུ་ཡོད་པ”དང“ཡུན་རིང་འཇལ་ན་མང་པོ་ལེན་རྒྱུ་ཡོད་པའི”ལྕག་སྐུལ་གྱི་ལམ་སྲོལ་མངོན་ཞིང་། ལས་ཀར་འགྲོ་སྐབས་གྲོན་དངུལ་མང་ཙམ་འཇལ་བ་དང་དུས་ཡུན་རིང་ཙམ་འཇལ་མཁན་ཚོར་རྒན་གསོའི་དངུལ་མང་བ་ཡོད། གཟིགས་སྐྱོང་འོས་འཚམ་ལས་གཙོ་བོ་ཐུགས་ཁུར་བྱེད་པ་མངོན་ཞིང་། ལོ་ན་མཐོ་བའི་རྒན་ཡོལ་ཞུ་མཁན་དང་དཀའ་ཚེགས་ཆེ་བའི་ཐག་རིང་ལུང་ཁུག་ས་ཁུལ་གྱི་རྒན་ཡོལ་ཞུ་མཁན་སོགས་ཀྱི་ཚོགས་སྤྱིར་གཙོ་གནད་ཐོག་ལྟ་རྟོག་བྱས་ཡོད་པ་རེད།