དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 2024ལོའི་ཀྲུང་རི་ཧན་གསུམ་གྱི་མཉམ་ལས་རྒྱལ་སྤྱིའི་གླེང་སྟེགས་ཧྲོའར་དུ་འཚོགས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-06-21

    ཚེས་18ཉིན། ཀྲུང་གོ་དང་། རི་པིན། ཧན་གོ་བཅས་ཀྱི་མཉམ་ལས་དྲུང་ཡིག་ཁྲུའུ་ཡིས་གཙོ་གཉེར་བྱས་པའི་2024ལོའི་ཀྲུང་གོ་དང་། རི་པིན། ཧན་གོ་བཅས་ཀྱི་མཉམ་ལས་རྒྱལ་སྤྱིའི་གླེང་སྟེགས་ཧན་གོའི་ཧྲོའར་དུ་འཚོགས་པ་རེད། སྐབས་འདིའི་གླེང་སྟེགས་དེ་ཀྲུང་གོ་དང་། རི་པིན། ཧན་གོ་བཅས་ཀྱི་འགོ་ཁྲིད་པའི་ཚོགས་འདུ་ཐེངས་དགུ་པ་གྲོལ་ནས་ཡུན་རིང་མ་སོང་བར་འཚོགས་པ་ཞིག་ཡིན་ཞིང་། བརྗོད་དོན་གཙོ་བོ་ནི“མཉམ་ལས་ལམ་སྲོལ་ཅན་དང་སྤེལ་རེས་རྒྱ་སྐྱེད་ཅན། མདུན་ལམ་དེ་བས་ཆེ་བའི་འབྱུང་འགྱུར་གཏོད་དགོས”ཞེས་པ་དེ་ཡིན་པ་དང་། ལས་རིགས་ཁག་གི་འཐུས་མི་300ལྷག་ཙམ་ས་གནས་ས་ཐོག་ཏུ་གླེང་སྟེགས་ལ་ཞུགས་པ་དང་མི་སྣ་བརྒྱ་ཕྲག་དྲ་ཐོག་ནས་གླེང་སྟེགས་ལ་ཞུགས་ཡོད།

    ཀྲུང་གོ་དང་། རི་པིན། ཧན་གོ་བཅས་ཀྱི་མཉམ་ལས་དྲུང་ཡིག་ཁྲུའུ་ཡི་དྲུང་ཆེ་ལི་ཤིས་ཞེ་ཡིས། རྒྱལ་ཁབ་གསུམ་པོས་རྙོག་འཛིང་ཆེ་བའི་དུས་བབ་དང་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ལ་ཐུན་མོང་ཐོག་ཁ་གཏད་གཅོག་རིང་འགྲན་སློང་གོ་སྐབས་སུ་ཟམ་མི་ཆད་པར་སྒྱུར་བ་བྱས་ཏེ། ཀྲུང་གོ་དང་། རི་པིན། ཧན་གོ་བཅས་ཀྱི་མཉམ་ལས་དེ་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་དང་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བའི་ལས་སྟེགས་གལ་ཆེན་ཞིག་ཏུ་འགྱུར་བར་སྐུལ་འདེད་བཏང་ཡོད། འབྱུང་འགྱུར་ལ་བལྟས་ན། ཀྲུང་གོ་དང་། རི་པིན། ཧན་གོ་བཅས་ཀྱི་མཉམ་ལས་ཀྱིས་སྒོ་དབྱེ་བསྟུན་མཁས་དང་། ཕན་ཚུན་བརྩི་འཇོག ཞི་མཐུན་མཉམ་གནས་བཅས་ཀྱི་འདུ་ཤེས་མུ་མཐུད་མཐའ་འཁྱོངས་ཀྱིས་དངོས་སྒྲུབ་མཉམ་ལས་དེ་བས་མང་པོ་ཡོང་བར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གསུམ་དང་ས་ཁུལ་གྱི་དམངས་ཚོགས་ཀྱི་ཐོབ་སྣང་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།