པེ་ཅིང་རྒྱལ་སྤྱིའི་དཔེ་དེབ་དངོས་མང་སྟོན་ཚོགས་སྐབས་སུམ་ཅུ་པ་པེ་ཅིང་དུ་འགོ་ཚུགས་པ།
ཟླ་6ཚེས་19ཉིན། པེ་ཅིང་རྒྱལ་སྤྱིའི་དཔེ་དེབ་དངོས་མང་སྟོན་ཚོགས་སྐབས་སུམ་ཅུ་པ་པེ་ཅིང་དུ་འགོ་ཚུགས་ཤིང་། ད་ཐེངས་ཀྱི་དངོས་མང་སྟོན་ཚོགས་ཀྱིས“ཤེས་དཔལ་དཔྱད་གཞིར་འཛིན་རེས་ཀྱིས། མཉམ་ལས་གཉིས་ཁེའི་འབྱུང་འགྱུར་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་རྒྱལ་ཁབ་དང་ས་ཁུལ་71གི་འགྲེམས་སྟོན་ཚོང་པ་1600འགྲེམས་སྟོན་ནང་ཞུགས་པའི་ཡིད་དབང་བཀུག་པ་དང་ཀྲུང་གོ་དང་ཕྱི་རྒྱལ་གྱི་དཔེ་དེབ་རིགས་ཁྲི་22དཔེ་དེབ་དངོས་མང་སྟོན་ཚོགས་ཐོག་འགྲེམས་སྟོན་བྱས་ཡོད། འདི་ནི་པེ་ཅིང་འགྲེམས་ཁུལ་དུ་མཚོ་ཕག་དཔེ་སྐྲུན་ཁང་གི་ལས་དོན་མི་སྣས་ཨུ་རུ་སུ་ནས་ཡོང་བའི་སྐུ་མགྲོན་དང་དཔེ་དེབ་ཀྱི་པར་དབང་ཐད་གྲོས་བསྡུར་བྱེད་བཞིན་པ།