དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་ཞིང་ལས་ཀྱི་ལྟེ་བའི་ལག་རྩལ་འགག་སྒྲོལ་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-06-21

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་གིས་གནས་ཚུལ་སྤེལ་བ་ལྟར་ན། 2022ལོ་ནས་བཟུང་རྒྱལ་ཁབ་ཀྱིས་ཞིང་ལས་ཀྱི་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་བྱ་སྤྱོད་སྤེལ་འགོ་ཚུགས་ཚུན། མཚོ་སྔོན་གྱིས་ས་མཐོའི་ཞིང་འབྲོག་ལས་ཕྱོགས་སྒྱུར་རིམ་སྤོར་ལ་དམིགས་ནས་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་བྱས་ཏེ་གཙོ་ཁྲིད་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོར་དོ་སྣང་ཆེན་པོ་བྱས་ནས་དེང་རབས་ཞིང་ལས་ཐོན་ལས་ལག་རྩལ་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། ཞིང་ལས་ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཆུ་ཚད་མཐོ་བའི་ཞིང་ལས་ཚན་རིག་ཞིབ་འཇུག་སློབ་གླིང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། གཙོ་གནད་ཁྱབ་ཁོངས་ཀྱི་རྣམ་གྲངས་དང་། རྟེན་གཞི། ཤེས་ལྡན་པ། མ་དངུལ་གཞི་གཅིག་ཅན་གྱི་བཀོད་སྒྲིག་ལ་སྐུལ་འདེད་གཏོང་བ། ས་གནས་ཞིང་ལས་ཚན་རིག་ཞིབ་འཇུག་སྒྲིག་གཞི་དང་གསར་གཏོད་ཚོགས་པ་འཛུགས་སྐྱོང་ལེགས་སུ་གཏོང་བ། ལག་རྩལ་གསར་པ་དང་སྣ་ཁ་གསར་པ་ཁྱབ་གདལ་བེད་སྤྱོད་སོགས་ཀྱི་བྱེད་ཐབས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་པས་ཞིང་ལས་ཚན་རྩལ་འགག་སྒྲོལ་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

    མིག་སྔའི་བར། མཚོ་སྔོན་གྱི་པད་ཁ་དང་། གྲོ གཟན་རྩྭ་བཅས་རྒྱལ་ཁབ་ཀྱི་འགག་སྒྲོལ་རྣམ་གྲངས་ནང་བཅུག་པ་དང་། འབྲི་གཡག་དང་། བོད་ལུག ནས། གྲང་ཆུའི་ཉ་སོགས་ཞིང་ཆེན་རིམ་པའི་ཚན་རྩལ་གསར་གཏོད་ལས་སྟེགས་9ཞིང་ཆེན་ཚན་རྩལ་ཐིང་གི་གཙོ་གནད་ཚན་རྩལ་རྣམ་གྲངས་ནང་བཅུག་ཡོད། “ཁུ་ནུ་ཨང་19པའི”སྣ་ཁ་གསར་པ་རྒྱལ་ཁབ་ཀྱི་ཐོ་འགོད་ལེགས་གྲུབ་བྱུང་ནས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ནང་ཆན་རྫོང་དུ་ཚོད་འདེབས་བྱས་པ་དང་ཚོད་ལྟའི་ཞིང་ཁའི་མུའུ་རེའི་ཐོན་ཚད་སྤྱི་རྒྱ་500ཟིན་པ། ཞིང་ལས་གྲོང་གསེབ་པུས་ནས་དང་བོད་ལུག་རྒྱལ་ཡོངས་ཀྱི་ཁྱད་ལྡན་སྐྱེ་དངོས་རིགས་གལ་ཆེན་64ཡི་འགག་སྒྲོལ་མིང་ཐོར་བཅུག་ནས་གཙོ་གནད་འགག་སྒྲོལ་བྱས་པས་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་ལ་ཚད་བརྒལ་བྱུང་ཡོད།

    དེ་དང་དུས་མཚུངས། ཞིང་ལས་ཀྱི་གཙོ་གནད་ཁྱབ་གདལ་གཏོང་བའི་ལག་རྩལ་ཁྱབ་གདལ་གཏོང་བར་སྔར་བས་སྐུལ་འདེད་བཏང་ཞིང་། 2023ལོར་རྣམ་གྲངས་ཀྱིས་རོགས་སྐྱོར་བྱེད་པ་དང་། རིགས་གཅིག་མཁས་ཅན་གྱིས་སློབ་ཁྲིད་བྱེད་པ། ལྟ་སྐོར་སློབ་སྦྱོང་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་གཙོ་གནད་ཁྱབ་གདལ་གཏོང་བའི་ལག་རྩལ་ཁྱོན་1315ཁྱབ་གདལ་དང་བེད་སྤྱོད་བཏང་བ་དང་ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཀྱི་གཙོ་གནད་ཁྱབ་གདལ་ལག་རྩལ་དམིགས་སར་འབྱོར་ཚད་95%ཡན་ཟིན་གྱི་ཡོད་པ་རེད། འདི་ལོ་2024ལོ་འཁོར་གྱི་ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་གཙོ་ཁྲིད་སྣ་ཁ་དང་གཙོ་གནད་ཁྱབ་གདལ་ལག་རྩལ་གྱི་མིང་ཐོ་གདམ་གསེས་བྱས་ནས་ཁྱབ་བསྒྲགས་བྱས་པ་དང་གཙོ་ཁྲིད་སྣ་ཁ་ཁྱོན་86དང་གཙོ་གནད་ཁྱབ་གདལ་གྱི་ལག་རྩལ་ཁག་66ཡོད་པ་དང་དུས་མཚུངས་ཐོན་མཐོའི་གཏིང་ཤུགས་ལྡན་པའི་ཞིང་ལས་སྐྱེ་དངོས་ཀྱི་སྣ་ཁ་22དང་ལག་རྩལ་ཁག་2ཁྱབ་བསྒྲགས་བྱས་པ་རེད།

    གླེང་རིན་ཡོད་པ་ཞིག་ནི་མཚོ་སྔོན་སློབ་ཆེན་དང་། ཚན་ཞིབ་ཚན་པ། རིམ་ཁག་ཁྱབ་གདལ་ཚན་པ་བཅས་ཀྱི་ཐོན་ལས་རིགས་གཅིག་མཁས་ཅན་393ཚུད་པའི་ཐོན་ལས་ཁྱབ་གདལ་དང་ཚན་ཞིབ་ཚོགས་པ་བཙུགས་ནས་ཁྱབ་གདལ་དབུ་བཞུགས་ཀྱིས་སྤྱི་ཡོངས་ཀྱི་སྣེ་ཁྲིད་པ་དང་། ཚོང་ལས་ཚན་ཞིབ་ཀྱི་དབུ་བཞུགས་ཀྱིས་མཉམ་དུ་ལག་རྩལ་གལ་ཆེན་གཏན་འཁེལ་བྱེད་པ། ཚན་ཞིབ་དང་ཁྱབ་གདལ་ཚོགས་པའི་ཁོངས་མི་དང་། རྟེན་གཞི(ཁེ་ལས)ཚན་རྩལ་དཔེ་སྟོན་བྱེད་པོ་བཅས་མཉམ་དུ་ཞུགས་པའི་མཐུན་སྦྱོར་ཁྱབ་གདལ་ལས་དོན་གྱི་རྣམ་པ་ཆགས་ཡོད། ནུས་ཆེའི་གསོ་ཚགས་དང་ནུས་ཆེའི་ལྗང་གསོ་སོགས་ལག་རྩལ་གལ་ཆེན་གྱི་ཚན་ཞིབ་དང་དཔེ་སྟོན་འགྲེམས་སྟོན་རྟེན་གཞི་བཙུགས་པ་དང་། གདམ་གསེས་བྱས་པའི་འབྲེལ་ཡོད་རྟེན་གཞི་འཕེལ་རྒྱས་མྱུར་པོ་ཕྱིན་པ་མ་ཟད། འབྲེལ་ཡོད་བྱེད་པོར་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།