དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཡུལ་ཤུལ་གྱིས་བྱ་སྤྱོད་དངོས་ལ་བརྟེན་ནས་གཙང་གསུམ་ཆུ་འགོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཐོན་ཁུངས་ལ་སྲུང་སྐྱོང་ཡག་པོ་བྱས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-06-21

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡུལ་ཤུལ་གྲོང་ཁྱེར་གྱི་སྐྱེ་ཁམམས་བདག་སྐྱོང་པ་བསོད་ནམས་སྟོབས་རྒྱལ་གྱིས་ཡུལ་ཤུལ་གྲོང་ཁྱེར་གྱི་བྲག་ཆུའི་འགྲམ་དུ་སྐོར་ཞིབ་བྱེད་སྐབས་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་སྲམ་ཞིག་མཐོང་བ་རེད། དེ་ནི་ཁོང་གིས་སྲམ་མཐོང་ཐེངས་དང་པོ་མ་རེད། ཉེ་བའི་ལོ་ཤས་རིང་། ཡུལ་ཤུལ་ཀྲོའུ་ཡིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས། སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོང་དུས་བསྟུན་མདུན་སྐྱོད་དང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་ཟམ་མི་ཆད་པར་བཏང་སྟེ་ཡུལ་ཤུལ་གྱི་ཁྱད་ལྡན་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོང་ལམ་བུ་ཞིག་བཏོད་ཡོད།

    ཡུལ་ཤུལ་ཀྲོའུ་ཡི་དམིགས་བསལ་གྱི་ས་ཁམས་ཆ་རྐྱེན་དང་། གནམ་གཤིས། ཁོར་ཡུག་བཅས་ཀྱིས་རྐྱེན་པས་ཐུན་མོང་མ་ཡིན་པའི་སྐམ་སའི་སྐྱེ་ཁམས་མ་ལག་དང་ས་མཐོའི་སྐྱེ་དངོས་རིགས་ཀྱི་གཞི་རྒྱུའི་མཛོད་ཆགས་ཡོད་པ་དང་། ས་བབ་མཐོ་བའི་ས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་གཅིག་སྡུད་ཆེ་ཤོས་ཀྱི་ས་ཁུལ་དང་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་གི་ཚོར་སྣང་སྐྱེན་ཤོས་ཀྱི་ཁུལ་ཁོངས་ཀྱི་གྲས་ཤིག་ཡིན་པས་དེའི་སྐྱེ་ཁམས་མ་ལག་གི་ཞབས་ཞུའི་ནུས་པ་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་རྒྱལ་ཡོངས་དང་ཐ་ན་གོ་ལ་ཧྲིལ་པོའི་དོན་སྙིང་ལྡན་པའི་སྲུང་སྐྱོང་རིན་ཐང་ལྡན་ཡོད།

    ས་ཁུལ་དེའི་ཐུན་མོང་མ་ཡིན་པའི་མཐོ་གྲང་སྐྱེ་ཁམས་མ་ལག་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱ་ཆེད། ཡུལ་ཤུལ་ཀྲོའུ་ཡིས་ཞིང་ཆེན་ཡོངས་སུ《ཡུལ་ཤུལ་ཀྲོའུ་ཡི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱ་ཐབས》ཐོག་མར་ཁྱབ་བསྒྲགས་བྱས་ཏེ། སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤུས་ཚད་མཐོ་བའི་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བའི་ས་གནས་རང་བཞིན་གྱི་བྱ་ཐབས་ལ་མཛུབ་ཁྲིད་བྱས་ནས་ཚད་ལྡན་དུ་བཏང་ཡོད། དེ་དང་ཆབས་ཅིག 《ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡི་རི་དྭགས་ཐོན་ཁུངས་སྲུང་སྐྱོང་དོ་དམ་སྲོལ་ཡིག》བཟོས་ནས་ཁྱབ་བསྒྲགས་བྱས་པ་དང་། 《ཡུལ་ཤུལ་ཀྲོའུ་ཡི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སྲོལ་ཡིག》དང་། 《རྩྭ་ཐང་སྲུང་སྐྱོང་སྲོལ་ཡིག》 《རི་སྐྱེས་རྩི་ཤིང་སྲུང་སྐྱོང་སྲོལ་ཡིག》བཅས་བཟོ་བཞིན་ཡོད་པ་རེད། འབྲི་ཆུའི་འབབ་རྒྱུད་དུ་ལོ་བཅུའི་རིང་ཉ་འཛིན་མི་ཆོག་པ་དོན་འཁྱོལ་ཏན་ཏིག་བྱས་པ་དང་གཙང་གསུམ་ཆུ་འགོའི་རྒྱུད་དུ་དུས་ནམ་ཡང་ཡུལ་གཞན་གྱི་ཉ་རིགས་ཚེ་ཐར་གཏོང་མི་ཆོག་པ་གཏན་འཁེལ་བྱེད་ལུགས་བརྡ་ཁྱབ་བཏང་བ་རེད། འབྲེལ་ཡོད་སྡེ་ཚན་གྱིས་མཉམ་ལས་དམ་ཟབ་བྱས་ནས་སྡེ་ཚན་བརྒལ་བའི་མཉམ་ལས་ལམ་སྲོལ་ཆགས་པ་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སྲིད་ཇུས་དང་། འཆར་གཞི། དེ་བཞིན་ལྟ་ཞིབ་ཚད་ལེན། སྨན་བཅོས་སྲོག་སྐྱོབ་སོགས་ཀྱི་མ་ལག་བཟོས་པ་དང་འབྲེལ་ལག་བསྟར་བྱས་པ་རེད། མིག་སྔར་གཙོད་ཁྲི་7ལྷག་ཙམ་བར་མང་དུ་ཕྱིན་པ་དང་། གསའ་དེ་སྔའི་བཅུ་ཕྲག་ཁ་ཤས་ནས་1000ཙམ་བར་མང་དུ་ཕྱིན་པ། འབྲོང་5000ལྷག་ཙམ་བར་སླར་གསོ་བྱུང་བ། རྒྱལ་སྤྱིའི་འདམ་ར་གལ་ཆེན་རོང་པོ་མཚོ་ཡི་ཁྲུང་ཁྲུང་སྐེ་ནག་དེ་སྔའི་22ནས་ད་ཆའི་220ལྷག་ཙམ་བར་མང་དུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།