དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 2024ལོའི་པུ་ཏ་ཕེ་སིའི་ཀྲུང་གོའི་ཡུལ་སྐོར་རིག་གནས་གཟའ་འཁོར་འགོ་ཚུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-06-20

    ཉེ་ཆར། 2024ལོའི་པུ་ཏ་ཕེ་སིའི་ཀྲུང་གོའི་ཡུལ་སྐོར་རིག་གནས་གཟའ་འཁོར་དང་ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་གི་ཡུལ་སྐོར་རིག་གནས་བསམ་བཀོད་འགྲེམས་སྟོན་སྐབས་དང་པོ་ཧང་ག་རིའི་རྒྱལ་ས་པུ་ཏ་ཕེ་སིར་འགོ་ཚུགས་པ་རེད། རྒྱལ་ཁབ་གཉིས་པོའི་རིག་གནས་དང་། ཡུལ་སྐོར། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་འཐུས་མི་བརྒྱ་ལྷག་ཙམ་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།

    ཧང་ག་རིའི་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཁན་ཉི་ཏེ·ལ་སི་ལོས་འགོ་ཚུགས་མཛད་སྒོའི་ཐོག་གཏམ་བཤད་སྤེལ་སྐབས། ཡུལ་སྐོར་ནི་ཧང་ཀྲུང་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་ནང་དོན་གལ་ཆེན་ཞིག་ཡིན་པས་མཉམ་ལས་ཀྱི་མདུན་ལམ་རྒྱ་ཆེན་པོ་ཡོད། རྒྱལ་ཁབ་གཉིས་པོའི་དབར་གྱི་ཐད་གཏོང་དུས་གཏན་གནམ་གྲུ་མང་དུ་ཕྱིན་པ་དང་རྒྱལ་ཁོངས་སུ་འཛུལ་བའི་སྲིད་ཇུས་ལེགས་སྒྲིག་བྱས་པ་དང་བསྟུན་ནས། ཧང་ཀྲུང་རྒྱལ་ཁབ་གཉིས་པོའི་དབར་འགྲོ་འོང་བྱེད་མཁན་ཡུལ་སྐོར་བ་དེ་བས་མང་དུ་འགྲོ་བའི་རེ་བ་ཡོད་ཅེས་བརྗོད་པ་རེད།

    ད་ཐེངས་ཀྱི་རིག་གནས་གཟའ་འཁོར་གྱི་བྱེད་སྒོ་ནི་པུ་ཏ་ཕེ་སིར་བཅའ་སྡོད་ཀྲུང་གོའི་ཡུལ་སྐོར་དོན་གཅོད་ཁྲུའུ་དང་ཀྲུང་གོ་ཚོང་དོན་པུའུ་མ་འཇོག་སྐུལ་འདེད་ཅུས་ཡོ་རོབ་འཐུས་མི་ཁྲུའུ་ཡིས་ཐུན་མོང་ཐོག་གཉེར་ཞིང་། དེའི་དམིགས་ཡུལ་ནི་ཀྲུང་ཧང་རྒྱལ་ཁབ་གཉིས་པོའི་རིག་གནས་དང་། ཡུལ་སྐོར། ཚོང་དོན་བཅས་ཀྱི་ཐད་སྤེལ་རེས་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས། ཀྲུང་གོའི་རིག་གནས་ཡུལ་སྐོར་ཐོན་ལས་དང་ཡོ་རོབ་ཀྱི་ལས་རིགས་ཚོང་དོན་མཉམ་ལས་ལས་སྟེགས་བསྐྲུན་ཆེད་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།