དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རྫ་ཆུ་དང་མེ་ཀུང་གཙང་པོའི་རླུང་འཕྲིན་བརྙན་འཕྲིན་གཟའ་འཁོར་སྐབས་ལྔ་པའི་འགོ་འཛུགས་མཛད་སྒོ་ཁུན་མིང་དུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-06-20

    ཟླ་6ཚེས་17ཉིན་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་དང་། ཝེ་ཐེ་ནམ་ཆ་འཕྲིན་སྨྱན་སྦྱོར་པུའུ། ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་དང་ཡུན་ནན་ཞིང་ཆེན་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱིས་སྣེ་ཁྲིད་དེ་གཉེར་འགན་འཁུར་བའི་རྫ་ཆུ་དང་མེ་ཀུང་གཙང་པོའི་རླུང་འཕྲིན་བརྙན་འཕྲིན་གཟའ་འཁོར་སྐབས་ལྔ་པའི་འགོ་འཛུགས་མཛད་སྒོ་ཡུན་ནན་ཁུན་མིང་དུ་འཚོགས་ཤིང་། རྫ་ཆུ་དང་མེ་ཀུང་གཙང་པོའི་རྒྱུད་ཀྱི་རྒྱབ་ཁབ་དང་ཕ་ཁི་སི་ཐན་དང་། སི་རི་ལན་ཁ། བྷང་ག་ལ་སོགས་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་ཀྱི་སྲིད་གཞུང་གི་རླུང་འཕྲིན་བརྙན་འཕྲིན་གཙོ་གཉེར་སྡེ་ཚན་དང་དེ་བཞིན་གཙོ་རྒྱུན་སྨྱན་སྦྱོར་ལས་ཁུངས་ཀྱི་འཐུས་མི་400ལྷག་ཙམ་ཚོགས་འདུར་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།