དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཧ་ཀྲུང་དབར་གྱི་ནུས་རྒྱུའི་མཉམ་ལས་ལ་སྒུལ་ཤུགས་གསར་པ་སྣོན་པ”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-06-20

    འདི་ནི་ཆི་མུའུ་ཁེན་ཐེ་བཙོ་སྦྱང་བཟོ་གྲྭའི་རྣམ་པ་ཡིན་པ། འདི་ག་ཚགས་པར་གྱི་གསར་འགོད་པ་མོང་ཞང་ལིན་གྱིས་པར་བླངས།

    འདི་ནི་ཀྲུང་ཧ་རང་བྱུང་སོལ་རླངས་མདོང་ལམ་ཨ་ལ་མུའུ་ཐུའུ་དོ་དམ་ཁྲུའུ་ཡི་CS7རླངས་གནོན་ས་ཚིགས་སུ་ལས་དོན་མི་སྣས(གཡས་ཀྱི་དང་པོ)མཉམ་འབྲེལ་བཅར་འདྲི་ཚོགས་པར་གནོན་བཙིར་འཕྲུལ་འཁོར་གྱི་འཁོར་སྐྱོད་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ། འདི་ག་ཚགས་པར་གྱི་གསར་འགོད་པ་ཞེ་ཡ་ཧུང་གིས་པར་བླངས།

    མི་དམངས་ཉིན་རེའི་ཚགས་པར་དང་ཧ་སག་སི་ཐན་སྨྱན་སྦྱོར་གྱི“སྤུས་ཚད་མཐོ་པོས‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན”གྱི་མཉམ་འབྲེལ་བཅར་འདྲི་ཚོགས་པ་ཉིན་ཤས་གོང་ཧ་སག་སི་ཐན་གྱི་ཨ་ལ་མུའུ་ཐུའུ་ཀྲོའུ་དང་ཆི་མུའུ་ཁེན་ཐེ་གྲོང་ཁྱེར་དུ་འབྱོར་ནས། ཀྲུང་ཧ་རང་བྱུང་སོལ་རླངས་མདོང་ལམ་རྣམ་གྲངས་དང་ཆི་མུའུ་ཁེན་ཐེ་བཙོ་སྦྱང་བཟོ་གྲྭའི་དེང་རབས་ཅན་གྱི་སྒྱུར་བཀོད་རྣམ་གྲངས་ལ་བཅར་འདྲི་བྱས་པ་རེད།

    ཀྲུང་ཧ་རང་བྱུང་སོལ་རླངས་མདོང་ལམ་ཧ་སག་སི་ཐན་གྱི་ཀྲོའུ་4འཕྲེད་བརྒལ་བྱས་ནས་མཐའ་སྣེ་ཀྲུང་གོའི་ཤིན་ཅང་ཧོར་གོ་སིར་སླེབས་ཀྱི་ཡོད། མདོང་ལམ་ABCགསུམ་པོ་མཉམ་གཤིབ་ཡིན་པ་དང་ལམ་ཐིག་རྐྱང་པའི་རིང་ཚད་སྤྱི་ལེ་1310ཡོད་ཅིང་། དེ་ནི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རང་བྱུང་སོལ་རླངས་མདོང་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་རེད། ཤར་གཏོང་ཐུབ་པ་ནས་བཟུང་ཀྲུང་ཧ་རྒྱལ་ཁབ་གཉིས་ཀྱི་ལས་མིས་ལག་གདང་སྦྲེལ་ནས་འབད་འཐབ་བྱས་པས་རྣམ་གྲངས་ཉིན་5000ལྷག་ཙམ་བདེ་འཇགས་འཁོར་སྐྱོད་ཐུབ་ཡོད། རྣམ་གྲངས་དེ་ཨ་ལ་མུའུ་ཐུའུ་གྲོང་ཁུལ་གྱི་སྙོམས་སྒྲིག་ལྟེ་གནས་སུ་ཡོད་པ་དང་ཀྲུང་གོ་རྡོ་སྣུམ་རྒྱལ་སྤྱི་མདོང་ལམ་ཀུང་སི་ཀྲུང་ཧ་རང་བྱུང་སོལ་རླངས་མདོང་ལམ་མ་རྩ་མཉམ་འཇོག་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཁའེ་དབྱི་པོ་ཕུའུ་ཡིས་མཉམ་འབྲེལ་བཅར་འདྲི་ཚོགས་པར་རྣམ་གྲངས་སྤྱི་ཡོངས་ཀྱི་འཁོར་སྐྱོད་གནས་ཚུལ་ངོ་སྤྲོད་བྱས་ཤིང་། ཁོང་གིས་རྣམ་གྲངས་དེས་ཀྲུང་གོར་རང་བྱུང་སོལ་རླངས་གཏོང་འདྲེན་བྱེད་པ་དང་དུས་མཚུངས་ཧ་སག་སི་ཐན་ལྷོ་རྒྱུད་ས་ཁུལ་གྱི་རང་བྱུང་སོལ་རླངས་མཁོ་སྤྲོད་མི་འདང་བའི་གནད་དོན་ཐག་གཅོད་བྱས་ནས་ས་གནས་དེ་གའི་མི་ཆིག་ཁྲི་ཙམ་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་ཡོད་ཅེས་བརྗོད་པ་རེད།

    ཆི་མུའུ་ཁེན་ཐེ་བཙོ་སྦྱང་བཟོ་གྲྭ་ནི་ཧ་སག་སི་ཐན་གྱི་གྲོང་ཁྱེར་ཆེ་གྲས་གསུམ་པ་ཆི་མུའུ་ཁེན་ཐེ་རུ་གནས་པ་དང་ཀྲུང་གོ་རྡོ་སྣུམ་དང་ཧ་སག་སི་ཐན་རྒྱལ་ཁབ་རྡོ་སྣུམ་ཀུང་སིས་ཐུན་མོང་ཐོག་མ་རྐང་ཚོད་འཛིན་བྱེད་ཅིང་། དེ་ནི་ཧ་སག་སི་ཐན་གྱི་བཙོ་སྦྱང་བཟོ་གྲྭ་ཆེ་གྲས་གསུམ་གྱི་གྲས་ཤིག་རེད། 2014ལོ་ནས་2018ལོ་བར་ཆི་མུའུ་ཁེན་ཐེ་བཙོ་སྦྱང་བཟོ་གྲྭས་དེང་རབས་ཅན་གྱི་སྒྱུར་བཀོད་རྣམ་གྲངས་ཀྱི་དུས་ཐེངས་དང་པོ་དང་གཉིས་པའི་ལས་གྲྭ་ལེགས་གྲུབ་ཟིན་པ་དང་མ་བཅོས་རྡོ་སྣུམ་ལས་སྣོན་བྱེད་ནུས་ལོ་རེར་ཏུན་ཁྲི་600བར་ཆེ་རུ་ཕྱིན་ཡོད། ཆི་མུའུ་ཁེན་ཐེ་བཙོ་སྦྱང་བཟོ་གྲྭའི་ཙུང་ཚའེ་གཞོན་པ་ཡེར་ལན·ཁེ་ཤིས་ཁེ་པཱ་ཡེ་ཕུའུ་ཡིས་ཆི་མུའུ་ཁེན་ཐེ་བཙོ་སྦྱང་བཟོ་གྲྭ་ནི་ཧ་ཀྲུང་གི་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་ནུས་རྒྱུའི་ཁྱབ་ཁོངས་ཀྱི་གཙོ་གནད་མཉམ་ལས་རྣམ་གྲངས་ཤིག་ཡིན་པས་ཆི་མུའུ་ཁེན་ཐེ་གྲོང་ཁྱེར་དང་ཧ་སག་སི་ཐན་ལྷོ་རྒྱུད་ས་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་གལ་ཆེན་ལྡན་ཡོད། “ང་ཚོས་ཀྲུང་གོ་ཕྱོགས་ཀྱི་ལས་རོགས་དང་མཉམ་དུ་བཙོ་སྦྱང་བཟོ་གྲྭའི་ཐོན་ནུས་མུ་མཐུད་ཆེ་རུ་བཏང་སྟེ་དེང་རབས་ཅན་གྱི་རིམ་སྤོར་སྒྱུར་བཀོད་ལ་སྐུལ་འདེད་བཏང་ནས་ཧ་ཀྲུང་དབར་གྱི་ནུས་རྒྱུའི་མཉམ་ལས་ལ་སྒུལ་ཤུགས་གསར་པ་སྣོན་རྒྱུ་ཡིན”ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།