དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱིས་2024ལོའི“བདེ་འཇགས་དྲིལ་བསྒྲགས་ཀྱི་བློ་འདྲིའི་ཉིན་མོའི”བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-20

    འདི་ལོའི་ཟླ་དྲུག་པ་ནི་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཟླ་བ་ཐེངས་ཉེར་གསུམ་པ་ཡིན། ཟླ་6ཚེས་16ཉིན། རང་སྐྱོང་ལྗོངས་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་དོན་ཁང་གིས་གཙོ་གཉེར་དང་། རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱི་འབྲེལ་ཡོད་ཁོངས་མིའི་ཚན་པས་གཉེར་འགན་འཁུར་བའི་2024ལོའི“བདེ་འཇགས་དྲིལ་བསྒྲགས་ཀྱི་བློ་འདྲིའི་ཉིན་མོའི”བྱེད་སྒོ་ལྷ་ས་ཁྲེང་ཀོན་དབན་ཏཱ་ཐང་ཆེན་དུ་སྤེལ་བ་རེད།

    བྱེད་སྒོའི་ཐོག་མང་ཚོགས་རང་བཞིན་གྱི་དྲིལ་བསྒྲགས་འབུར་དུ་ཐོན་པར་བྱས་ཏེ་ས་གནས་ས་ཐོག་ཏུ“ཚང་མས་བདེ་འཇགས་ལ་སྣང་ཆེན་བྱེད། ཀུན་གྱིས་འཕྲལ་སྡོམ་བྱེད་སྟངས་ཤེས——ཚེ་སྲོག་གི་བགྲོད་ལམ་ཐོགས་མེད་ཤར་གཏོང་ཐུབ”ཅེས་པའི་ཁས་ལེན་མཆན་འགོད་གྱང་དང་། བདེ་འཇགས་ཤེས་བྱའི་དྲི་བར་ལན་འདེབས་བྱེད་སྒོའི་ཁུལ། སྒྲིག་བཀོད་འགྲེམས་སྟོན་མཉམ་འགུལ་མྱོང་རོལ་ཁུལ། བདེ་འཇགས་དྲིལ་བསྒྲགས་ཀྱི་བློ་འདྲིའི་ཞབས་ཞུའི་ཁུལ་སོགས་བཀོད་སྒྲིག་བྱས་ཡོད་པ་རེད།

    དེ་དང་ཆབས་ཅིག དྲིལ་བསྒྲགས་འགྲེམས་གནས་ཁག་གིས་གོ་སླ་བའི་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ་དང་ཡིག་རིས་གཉིས་ལྡན་གྱི་འགྲེམས་པང་འཛུགས་པ་སོགས་བརྒྱུད། བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས་དང་རང་སྐྱོང་ལྗོངས་ཀྱི་བདེ་འཇགས་ཐོན་སྐྱེད་སྲོལ་ཡིག་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་པ་རེད། བྱེད་སྒོའི་ཐོག་དྲིལ་བསྒྲགས་དཔྱད་ཡིག་སྣ་ཚོགས་དང་། དྲིལ་བསྒྲགས་ཡིག་རིགས། བྱ་དགའ་བཅས་ཁྱོན་ཁྲི་5ལྷག་སྤྲད་པ་དང་མང་ཚོགས་ཁྲི་3ལྷག་ལ་སློབ་གསོ་ཐེབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།