དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཚན་རྩལ་གྱི་གཤོག་ཟུང་བསྒར་ནས་ཞིང་ལས་གོང་འཕེལ་གཏོང་བར་གཞོལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-19

    དུས་ཡུན་རིང་པོའི་ནང་། རྒྱལ་ཁབ་ཞིང་ལས་པུའུ་དང་ཚན་རྩལ་པུའུ་དང་། ཀྲུང་གོ་ཞིང་ལས་ཚན་རིག་ཁང་། ཀྲུང་གོ་ཆུ་ཐོན་དངོས་རིགས་ཚན་རིག་ཁང་། ཀྲུང་གོ་ཚ་ཁུལ་ཞིང་ལས་ཚན་རིག་ཁང་བཅས་དང་དེ་བཞིན་ཞིང་ཆེན(གྲོང་ཁྱེར)ཁག་གི་ཚན་རིག་ཁང་དང་འབྲེལ་ཡོད་སློབ་གླིང་གིས་ཚན་རྩལ་གྱི་ཐོན་ཁུངས་ལ་དམིགས་པ་དང་། གསར་གཏོད་ཀྱི་གཞི་རྒྱུ་འདུ་སྦྱོར། ཐོན་ལས་ཀྱི་དགོས་མཁོར་དམིགས་པ། ཤེས་ལྡན་པའི་འདེགས་སྐྱོར་ལ་ཤུགས་སྣོན། ཚན་རྩལ་གྱི་མཉམ་ལས་ཟབ་གཏོང་། ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་ཚན་རྩལ་བོད་སྐྱོར་གྱི་རྣམ་གྲངས་ཁག་70དོན་འཁྱོལ་བྱས་པར་བསྡོམས་མ་དངུལ་སྒོར་དུང་ཕྱུར་5ལྷག་ཙམ་ཟིན་ནས་གསར་གཏོད་ཀྱི་གྲུབ་འབྲས་འབོར་ཆེན་ཁག་གཅིག་སྐྱེད་སྲིང་བྱས་པ་དང་རང་ལྗོངས་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་དང་དེང་རབས་ཞིང་ལས་འཛུགས་སྐྱོང་ལ་སྔར་བས་སྐུལ་འདེད་བཏང་བ་རེད།

    འདི་ནི་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཀྲུང་གོ་ཚན་རིག་ཁང་འདུས་རྡུལ་སྐྱེ་དངོས་ཚན་རིག་ཁྱད་འཕགས་གསར་གཏོད་ལྟེ་གནས་ཀྱི་ཀྲུའུ་རེན་ཧན་པིན(གཡས་ཀྱི་གསུམ་པ)གྱིས་རུ་སྣེ་ཁྲིད་དེ་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་དུ་ས་མཐོའི་སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོང་དང་། གསར་སྤེལ། བེད་སྤྱོད་བཅས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།