དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • སྣང་རྫོང་གི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀོང་ཏུང་ཧུའེ་ཀྲོའུ་རུ་འགྲེམས་ཚོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-19

    ཀོང་ཏུང་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པ་སྣང་རྫོང(ཧུའེ་ཀྲོའུ)ལས་དོན་ཚོགས་ཆུང་གི་འབྲེལ་མཐུད་བརྒྱུད། ཉེ་ཆར་སྣང་རྫོང་མཁོ་ཚོང་མཉམ་ལས་ཁང་གིས་སྣང་རྫོང་གྲོང་གསེབ་འཛུཌ་སྐྲུན་ཚད་ཡོད་འགན་འཁྲི་ཀུང་སི་དང་། སྣང་རྫོང་ནོར་གོང་སུར་པན་འདེབས་ལས་ཕྱིར་ཚོང་དང་དེ་བཞིན་ཞིང་འབྲོག་པའི་ཞིང་ལས་ཐོན་རྫས་ལས་སྣོན་ཆེད་ལས་མཉམ་ལས་ཁང་སོགས་ཁེ་ལས་5སྒྲིག་འཛུགས་བྱས་ནས། ཀྲུང་ཧྭ་རྒྱལ་ཡོངས་མཁོ་ཚོང་མཉམ་ལས་སྤྱི་ཁྱབ་ཁང་གིས་ཀོང་ཏུང་ཞིང་ཆེན་ཧུའེ་ཀྲོའུ་པོ་ལུའོ་རྫོང་ཐའེ་མེ་གྲོང་རྡལ་གྱི་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་དུ་སྤེལ་བའི་2024ལོའི་དབུལ་སྒྲོལ་ས་ཁུལ་གྱི་ཞིང་ཞོར་ཐོན་རྫས་ཐོན་སྐྱེད་ཕྱིར་ཚོང་འབྲེལ་མཐུད་བྱེད་སྒོར་ཞུགས་ཏེ། འགྲེམས་སྟོན་ལ་ཞུགས་མཁན་རྒྱལ་ཡོངས་ས་གནས་ཁག་གི་ཚོང་པ་དང་ཧུའེ་ཀྲོའུ་ཡི་གྲོང་མི་ཚོར་སྤུས་ལེགས་དང་གོང་ཁེའི་སྣང་རྫོང་གི་ཁྱད་ལྡན་ཞིང་ལས་ཐོན་རྫས་འགྲེམས་ཚོང་བྱས་པ་རེད།

    བྱེད་སྒོ་སྤེལ་རིང་སྣང་རྫོང་མཁོ་འཚོང་མཉམ་ལས་ཁང་གིས་རྫོང་དེའི་ཁྱད་ལྡན་ཞིང་ལས་ཐོན་རྫས་རིགས་7གྱི་སྣ་ཁ་32བདམས་ནས་འགྲེམས་སྟོན་ལ་ཞུགས་པར་བྲིན་ཁ་རྒྱུག་པོ་བྱུང་ཡོད། “སྣང་སྦྱིན་ལྗཌ་བྲོའི”སུར་པན་སོགས་ཐོན་རྫས་ལ་འཛད་སྤྱོད་པའི་གདེང་འཇོག་བཟང་པོ་ཐོབ་ཡོད། བྱེད་སྒོའི་ཉིན་དེར་དྲ་ཐོག་དང་དྲ་ཕྱིའི་ཕྱིར་ཚོང་གྲངས་འབོར་སྒོར་ཁྲི་5ཙམ་ཟིན་པ་དང་། གྲོས་མོལ་བྱེད་འདོད་ཡོད་པའི་ཁེ་ལས་51ཡོད། སྣང་རྫོང་གྲོང་གསེབ་དར་རྒྱས་ཚད་ཡོད་འགན་འཁྲི་ཀུང་སིས་ཧྲེན་ཀྲེན་ཤིན་དབྱི་ལའེ་ཚོང་དོན་ཚད་ཡོད་ཀུང་སི་དང་ཧུའེ་པོ་ཤིན་བཟའ་བཅའ་ཚོང་དོན་ཚད་ཡོད་ཀུང་སི་དང་གན་རྒྱ་འཇོག་རྒྱུར་གྲོས་བསྡུར་བྱས་པ་རེད།

    སྣང་རྫོང་མཁོ་འཚོང་མཉམ་ལས་ཁང་གི་འགན་འཁུར་བས་ད་ཐེངས་ཀྱི་ཐོན་སྐྱེད་དང་ཕྱིར་ཚོང་འབྲེལ་མཐུད་བྱེད་སྒོས་སྣང་རྫོང་གི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཀྱི་མིང་གྲགས་དང་ཁྲོམ་རའི་ཤུགས་རྐྱེན་སྔར་བས་ཆེ་རུ་བཏང་བ་མ་ཟད། ཞིང་ལས་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་ཐབས་ལམ་རྒྱ་ཆེར་བཏང་ནས་སྣང་རྫོང་མང་ཚོགས་ཀྱི་ཕྱུག་འགྱུར་འབབ་འཕར་ལ་སྐུལ་ཁྲིད་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།