དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཧོ་པེ་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་གིས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-19

    ཉེ་དུས་སྔོན་གཤེགས་དཔའ་བོ་ལི་ཏི་སན་སྐུ་གཤེགས་ནས་ལོ་73འཁོར་བའི་མཚམས་སུ། གསར་བརྗེའི་སྔོན་གཤེགས་དཔའ་བོ་ལི་ཏི་སན་གྱི་བྱས་རྗེས་རླབས་པོ་ཆེར་དྲན་གསོ་ཞུ་བ་དང་། སྔོན་གཤེགས་དཔའ་བོར་ཕྱག་མཆོད་བྱེད་པ། མི་རབས་རྗེས་མའི་གདུང་སེམས་མཚོན་པ་བཅས་བྱ་ཆེད། ཧོ་པེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པའི་རུ་མི་དང་། མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཁོངས་གཏོགས་ཀྱི་འཐུས་མི། སྔོན་གཤེགས་དཔའ་བོ་ལི་ཏི་སན་གྱི་ཕ་ཡུལ་ཝུའུ་ཅེ་རྫོང་གི་འགོ་ཁྲིད་དང་ནང་མི། མངའ་རིས་ཡན་ལག་དམག་ཁུལ་ཁང་གི་འཐུས་མི་བཅས་ཁྱོན་མི་82སེང་གེ་ཁ་འབབ་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་བསྐྱོད་ནས“སྔོན་གཤེགས་དཔའ་བོའི་སྙིང་སྟོབས་ལ་དྲན་གསོ་ཞུ་བ་དང་མཉམ་དུ་ཀྲུང་ཧྭའི་བླ་སྲོག་གཏོད་པའི”བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་བརྗིད་ཉམས་ལྡན་པའི《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》ཁྲོད་འགོ་ཚུགས་པ་དང་ཚང་མས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་མདུན་དུ་རུ་བསྒྲིགས་ནས་སྐད་གསང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བཏང་བ་རེད། རྒྱལ་གླུ་བཏང་ཚར་རྗེས། ཚང་མ་དཀྲོང་ངེར་ལང་བཞིན་བོད་སྐྱོར་ལས་དོན་རུ་ཁག་གི་འཐུས་མིས་ཕྱག་མཆོད་ཡི་གེ་སྒྲོག་སྦྱངས་བྱས་པ་རེད། དེ་རྗེས་གུས་ལུགས་དམག་མིས་མེ་ཏོག་སི་ར་བཏེགས་ནས་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་ཕྱོགས་སུ་དལ་པོས་བསྐྱོད། སྔོན་གཤེགས་དཔའ་བོ་ལི་ཏི་སན་གྱི་ནང་མི་དང་། ཧོ་པེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པ། མངའ་རིས་དམག་ཁུལ་ཁང་གི་འཐུས་མི་བཅས་ཀྱིས་གུས་འདུད་ཞུས་ནས་སྔོན་གཤེགས་དཔའ་བོ་ལི་ཏི་སན་གྱི་བང་སོའི་མདུན་ནས་བསྐྱོད་དེ་ཁ་བཏགས་དང་མེ་ཏོག་ཕུལ་ཏེ་བོད་ལྗོངས་མངའ་རིས་ཞི་བའི་བཅིངས་འགྲོལ་གཏོང་ཆེད་དཔའ་ངར་ཆེན་པོས་རང་སྲོག་བློས་གཏོང་མཁན་སྔོན་སྐྱོད་ལེན་གྱི་གསར་བརྗེའི་སྔོན་གཤེགས་དཔའ་བོ་ལི་ཏི་སན་གྱི་བྱས་རྗེས་རླབས་པོ་ཆེར་དྲན་གསོ་ཞུས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།