དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ས་མཐོའི་མཛེས་ལྗོངས་ཀྱིས་ཡུལ་སྐོར་བའི་ཡིད་དབང་འཕྲོག་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-06-19

    ཉེ་བའི་ལོ་ཤས་རིང་། ཧུང་ཡོན་རྫོང་གིས་རྩྭ་ཐང་གི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ལ་དམིགས་ནས། སྒར་བརྒྱབ་ནས་སྡོད་པ་དང་། པར་རྒྱག་པ། འབྲོག་ཁྱིམ་སྤྲོ་སྐྱིད་ཁང་བཅས་ཀྱི་ལས་རིགས་འཕེལ་རྒྱས་བཏང་སྟེ་ཡུལ་སྐོར་གྱི་བྱེད་ལས་དེ་ཚན་རྩལ་གྱི་ཁྱད་ཆོས་དང་། ཁོར་ཡུག་གི་ཁྱད་ཆོས། རིག་གནས་ཀྱི་སྤུས་ཚད་བཅས་དང་ཟུང་འབྲེལ་དམ་ཚགས་བྱས་པས་འབྲོག་པ་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་མ་ཐེབས་ཡོད། 2024ལོའི་ཟླ་6ཚེས་17ཉིན། སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཧུང་ཡོན་རྫོང་འོམ་མོ་ཐང་དུ་རྣམ་བཀྲའི་མེ་ཏོག་སྣ་ཚོགས་བཞད་ནས་ཡུལ་སྐོར་བ་མང་པོའི་ཡིད་དབང་འཕྲོག་པ།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།