དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་ཡོའི་དུས་གཏན་མེ་འཁོར(དབྱི་ཝུའུ་ནས་ཏུའུ་ དབྱི་སི་པའོ་བར)གཏོང་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-06-18

    ཚེས་15ཉིན། ཚད་ལྡན་དོས་སྒམ་110ཡི་ནང་ཉེ་མཁོའི་དངོས་རྫས་དང་། གྱོན་ཆས་དང་ཞྭ་ལྷམ། འཕྲུལ་ཆས་ཀྱི་སྒྲིག་ཆས། རླངས་འཁོར་གྱི་ལྷུ་ལག ཁྱིམ་སྤྱོད་གློག་ཆས། གློག་རྡུལ་ཐོན་རྫས་སོགས་དངོས་ཟོག་བླུགས་པའི་ཀྲུང་ཡོའི་དུས་གཏན་མེ་འཁོར(དབྱི་ཝུའུ་ནས་ཏུའུ་དབྱི་སི་པའོ་བར)དབྱི་ཝུའུ་ནུབ་ཚུགས་ནུབ་མ་ནས་ཐོན་ཏེ་འཇར་མན་གྱི་ཏུའུ་དབྱི་སི་པའོ་རུ་བསྐྱོད་པ་རེད། དེ་ཐོག་ནས་འབྲི་ཆུའི་ཟུར་གསུམ་ས་ཁུལ་རྒྱལ་མཚམས་ཕྱི་ནང་གི་ལམ་ཐག་ཧྲིལ་པོའི་དུས་ཚོད་རེའུ་མིག་གི་ཀྲུང་ཡོའི་དུས་གཏན་མེ་འཁོར་ཐོག་མ་བདེ་བླག་ངང་ཤར་གཏོང་ཐུབ་པ་མཚོན་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ལམ་ཐག་ཧྲིལ་པོའི་དུས་ཚོད་རེའུ་མིག་གི་དུས་གཏན་མེ་འཁོར་གཟའ་འཁོར་རེར་ཐེངས་རེ་གཏོང་བ་དང་། ཕར་འགྲོ་བའི་དུས་ཚོད་ནི་གཟའ་འཁོར་རེའི་གཟའ་སྤེན་པར་དབྱི་ཝུའུ་ནས་ཐོན་པ་དང་། ཚུར་འོང་བའི་དུས་ཚོད་ནི་གཟའ་པ་སངས་ལ་ཏུའུ་དབྱི་སི་པའོ་ནས་ཐོན་ཏེ་ཀྲུང་གོ་དང་། ཧ་སག་སི་ཐན། ཨུ་རུ་སུ། བྷེ་ཨུ་རུ་སུ། ཕོ་ལན། འཇར་མན་སོགས་རྒྱལ་ཁབ་བརྒྱུད་པ་དང་ལམ་ཐག་ཧྲིལ་པོའི་དུས་ཚོད་དེ་སྔའི་ཉིན་19ནས་ཉིན་13བར་ཐུང་དུ་ཕྱིན་པ་དང་སྐྱེལ་འདྲེན་གྱི་ནུས་པ་དང་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།