དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ལུའུ་པན་བཟོ་ཁང་དུ་བཅར་འདྲི་བྱས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-06-18

    འདི་ནི་ཧ་སག་སི་ཐན་ལུའུ་པན་བཟོ་ཁང་གི་རིག་ནུས་དྲ་སྦྲེལ་དངོས་སྦྱོང་ཁུལ་དུ་མཉམ་འབྲེལ་བཅར་འདྲི་ཚོགས་པས་རིག་ནུས་འགྲིམ་འགྲུལ་བྱེད་གཞོང་མདུན་དུ་བཅར་འདྲི་བྱེད་བཞིན་པ།

    འདི་ནི་རིག་ནུས་དྲ་སྦྲེལ་དངོས་སྦྱོང་ཁུལ་དུ་མཉམ་འབྲེལ་བཅར་འདྲི་ཚོགས་པའི་ཁོངས་མི་དང་ཧ་སག་སི་ཐན་ཕྱོགས་ཀྱི་གསར་འགོད་པས་ལས་རོགས་ཁ་ལོ་བ་བྱེད་པའི་མྱོང་རོལ་བྱེད་བཞིན་པ།

    ཟླ་6ཚེས11ཉིན། མི་དམངས་ཉེན་རེའི་ཚགས་པར་དང་ཧ་སག་སི་ཐན་སྨྱན་སྦྱོར་གྱི“སྤུས་ཚད་མཐོ་པོས‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན”གྱི་མཉམ་འབྲེལ་བཅར་འདྲི་ཚོགས་པ་ཤར་ཧ་སག་སི་ཐན་ཀྲོའུ་ཡི་ལྟེ་བའི་གྲོང་ཁྱེར་ཨེ་སི་ཁེ་མོན་དུ་ཡོང་ནས་ས་གནས་དེ་གར་ཡོད་པའི་ཧ་སག་སི་ཐན་གྱི་ལུའུ་པན་བཟོ་ཁང་ལ་བཅར་འདྲི་བྱས་པ་རེད། རྣམ་གྲངས་དེ་ནི་ཐེན་ཅིན་ལས་རིགས་སློབ་ཆེན་དང་ཤར་ཧ་སག་སི་ཐན་ལག་རྩལ་སློབ་ཆེན་གྱིས་མཉམ་དུ་བསྐྲུན་འགན་འཁུར་བ་ཞིག་ཡིན་པ་དང་། 2023ལོའི་ཟླ་12ཚེས་9ཉིན་གཉེར་སྐྱོང་ཚོད་ལྟ་བྱེད་འགོ་ཚུགས་ཡོད། ཧ་སག་སི་ཐན་གྱི་ཆེད་ལས་ལག་རྩལ་ཤེས་ལྡན་པའི་དགོས་མཁོ་གཞིར་བཟུང་། ལུའུ་པན་བཟོ་ཁང་གི་དུས་ཐེངས་དང་པོའི་སྐྱེལ་འདྲེན་སྒྲིག་ཆས་དང་ལག་རྩལ་ཆེད་ལས་བཀོད་སྒྲིག་བྱས་པར་དངོས་སྦྱོང་ཁུལ་4དང་ཚད་ལྡན་སློབ་ཚན་5ཡོད། འདི་ལོ་རྒྱས་སྐྲུན་བྱས་རྗེས། ལུའུ་པན་བཟོ་ཁང་གིས་ནུས་རྒྱུ་གསར་པའི་རླངས་འཁོར་དང་རིག་ནུས་དྲ་སྦྲེལ་ལག་རྩལ་ཐད་ཀྱི་སློབ་ཚན་བཀོད་སྒྲིག་དང་གསོ་སྦྱོང་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།