དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • བོད་ལྗོངས་གྲང་ཐན་རྩྭ་ཐང་ཞིབ་འཇུག་ལྟེ་གནས་བཙུགས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-06-18

    ཉེ་ཆར་བོད་ལྗོངས་གྲང་ཐན་རྩྭ་ཐང་ཞིབ་འཇུག་ལྟེ་གནས་ལྷ་སར་བཙུགས་ཤིང་། ལྟེ་གནས་དེ་ཀྲུང་གོ་ཞིང་ལས་ཚན་རིག་ཁང་རྩྭ་ཐང་ཞིབ་འཇུག་ཁང་དང་བོད་ལྗོངས་ཞིང་ལས་ཚན་རིག་ཁང་གིས་ཐུན་མོང་ཐོག་སྐུལ་འདེད་བཏང་ནས་བཙུགས་པ་ཞིག་རེད། ལྟེ་གནས་བཙུགས་པ་དེ་ཐོག་ནས་ཕྱོགས་གཉིས་པོའི་མཉམ་ལས་སྔར་བས་ཟབ་ཏུ་ཕྱིན་ཏེ་བོད་ཀྱི་གྲང་ཐན་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་འཇུར་མིག་གི་ལག་རྩལ་གནད་དོན་ཐག་གཅོད་ཧུར་ཐག་བྱེད་རྒྱུ་ཡིན་པ་མཚོན་ལ། བོད་ཀྱི་གྲང་ཐན་རྩྭ་ཐང་གི་རྨང་གཞིའི་ཞིབ་འཇུག་དང་། ཉེར་སྤྱོད་ཀྱི་རྨང་གཞིའི་ཞིབ་འཇུག ལག་རྩལ་ཁྱབ་གདལ་དཔེ་སྟོན་བཅས་ཀྱི་ཐད་གོམ་གང་མདུན་སྤོས་བྱུང་བའང་མཚོན་གྱི་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་གྲང་ཐན་རྩྭ་ཐང་ཞིབ་འཇུག་ལྟེ་གནས་ཀྱིས་བོད་བྱང་ཐང་གི་རྩྭ་རའི་སྐྱེ་ཁམས་འབྲོག་ལས་ཕྱོགས་བསྡུས་ཚོད་ལྟའི་ས་ཚིགས་དང་། ཞིང་ཆེན་དང་པུའུ་ཡིས་ཐུན་མོང་ཐོག་ནས་དང་འབྲི་གཡག་གི་སོན་རྒྱུའི་ཐོན་ཁུངས་དང་རྒྱུད་པ་ལེགས་བཅོས་ཀྱི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་། རྒྱལ་ཁབ་མཚོ་བོད་ས་མཐོའི་ཕྱུགས་རྩྭའི་སོན་རྒྱུའི་ཐོན་ཁུངས་ར་བ་བཅས་ཚན་ཞིབ་ལས་སྟེགས་གསུམ་རྨང་གཞིར་བྱས་ཏེ། བོད་རང་སྐྱོང་ལྗོངས་ཀྱི་རྩྭ་ཐང་ཐོན་ལས་འཕེལ་རྒྱས་དང་རྩྭ་ཐང་སྐྱེ་ཁམས་འཛུགས་སྐྲུན་སོགས་འཐབ་ཇུས་གལ་ཆེན་གྱི་དགོས་མཁོར་དམིགས་ནས་ཐོན་ཁུངས་བསྡུ་སྒྲིལ་དང་། གྲང་ཐན་ས་ཁུལ་གྱི་རྩྭ་ཐང་གི་སྐྱེ་ཁམས་མ་ལག་དོ་དམ་དང་རྒྱུན་མཐུད་ཆོག་པའི་ལག་རྩལ་བཀོལ་སྤྱོད་ཀྱི་འདུས་གྲུབ་དང་དཔེ་སྟོན་བྱེད་པ། ཚན་རྩལ་གྱི་ཞབས་འདེགས་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས། བོད་རང་སྐྱོང་ལྗོངས་ཀྱི་རྩྭ་ཐང་དང་འབྲོག་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འབྲོག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།