དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ལག་ལེན་དུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་སྐུལ་འདེད་བརྟན་པོ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-18

    ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་ཚུན། མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་ཏང་ཨུད་ཀྱིས་ཕྱོགས་གཉིས་ཀར་དམ་འཛིན་དང་ཕྱོགས་གཉིས་ཀར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། དམིགས་ཚད་དང་བླང་བྱར་དམ་འཛིན་ནན་པོ་བྱས་ནས་གནད་སྨིན་ཤུགས་འདོན། རིགས་དབྱེ་མཛུབ་ཁྲིད་ལ་སྣང་ཆེན་བྱས་ནས་ཕྱོགས་ཡོངས་ལ་ཁྱབ་ཐུབ་པ་བཅས་བྱས་ཏེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་རྒྱུན་གཏན་དང་མཉམ་འདྲེས་དང་རྒྱུན་གཏན་ནས་དམ་འཛིན་བྱེད་པ་དང་ཏང་ཡོན་ལས་བྱེད་པར་ཏང་གི་སྒྲིག་ལམ་དང་ཏང་གི་སྒྲིག་ཁྲིམས་ལ་བརྟེན་ནས་བསམ་བློ་དང་བྱ་སྤྱོད་ལ་དག་ཐེར་བྱེད་པར་ཁྲིད་སྟོན་བྱས་ནས་སློབ་སྦྱོང་གི་གྲུབ་འབྲས་དེ་ལས་སྒྲུབ་ལས་གཏོད་ཀྱི་འཇོན་ཐང་དངོས་ལ་འགྱུར་བར་སྐུལ་འདེད་བཏང་ཡོད་པ་རེད།

    མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས་བྱ་ཐབས་དང་ཐབས་ཤེས་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་ཉེན་བརྡའི་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ། གཙོ་ཆེའི་དྲ་ཚུགས“ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི”ཆེད་བསྒྲིགས་ལེ་ཚན་ནང་ཉེན་བརྡའི་སློབ་གསོའི་རྩོམ་ཡིག་དང་ལྡོག་ཕྱོགས་དཔེ་མཚོན་གྱོད་དོན་ཡོངས་བསྒྲགས་བྱས་ནས་ཉེན་བརྡའི་སློབ་གསོའི་ཁྱབ་རྒྱ་ཆེ་རུ་བཏང་ཡོད། ཉེན་བརྡའི་སློབ་གསོ་དེ་ཉིད་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ནང་དོན་གལ་ཆེན་ལ་བརྩིས་ནས་ཉེན་བརྡའི་སློབ་གསོའི་ཚོགས་ཆེན་འཚོག་པ་དང་། དཔེ་མཚོན་གྱོད་དོན་བརྡ་ཁྱབ་གཏོང་བ། ལས་བྱེད་པ་དང་ལས་བཟོ་སྒྲིག་འཛུགས་ཀྱིས་ཉེན་བརྡའི་སློབ་གསོའི་གློག་བརྙན་བལྟ་བ་བཅས་བྱས་ཡོད། “གངས་ལྗོངས་དྭངས་གཙང་རླུང་བསིལ”དང་། “བོད་ལྗོངས་རྩ་འཛུགས་ལས་དོན” “གུང་ཁྲན་ཏང་ཡོན་དྲ་བ”སོགས་ལས་སྟེགས་ཀྱི“ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི”ཆེད་བསྒྲིགས་ལེ་ཚན་ནང་ཡོངས་བསྒྲགས་བྱས་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》གི་ནང་དོན་གསལ་འགྲེལ་བརྒྱུད་འགོད་བཅས་བྱས་ནས། ལས་མི་ཡོངས་ཀྱིས་ཤེས་པ་དང་ཁོང་དུ་ཆུད་པར་སྐུལ་འདེད་བཏང་ནས《སྲོལ་ཡིག》སློབ་སྦྱོང་ལག་བསྟར་དང་། དེར་བརྩི་སྲུང་སྲུང་སྐྱོང་བྱེད་པའི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་བཏང་ཡོད། གཞན་ཡང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་སོགས་ཀྱི་ལས་དོན་མཉམ་འདྲེས་གཏིང་ཟབ་ཡོང་བར་བྱས་ནས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།