དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྗོངས་ཏང་ཨུད་རྩ་འཛུགས་པུའུ་རུ་བཅའ་སྡོད་རང་སྐྱོང་ལྗོངས་སྒྲིག་བཤེར་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གིས་བསྟན་དོན།

    “འགག་རྩའི་ཉུང་ཤས”ལ་དམིགས་ནས་ལྟ་སྐུལ་གྱི་འགན་ནུས་ཆེ་རུ་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-17

    ཉེ་ཆར། ལྗོངས་ཏང་ཨུད་རྩ་འཛུགས་པུའུ་རུ་བཅའ་སྡོད་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གིས་ཕྱོགས་བསྡུས་ལྟ་སྐུལ་ཚན་པ་ཁག་གི་འགན་འཁུར་བ་སྲིད་གཙང་ཉེན་བརྡའི་སློབ་གསོའི་གློག་བརྙན་ལྟ་བར་སྒྲིག་འཛུགས་བྱས་ཏེ། ཕྱོགས་བསྡུས་ལྟ་སྐུལ་ཚན་པ་ཁག་གི“འགོ་ཁྲིད་ཨང་དང་པོ”དང་འགོ་ཁྲིད་ཚན་ཁག་ལ་ཞེད་སྣང་སྐྱེས་པ་དང་། ངོ་ཚ་ཤེས་པ། རང་ཚོད་ཟིན་པ། གོ་རྟོགས་སད་པ་བཅས་བྱེད་དགོས་པའི་ཉེན་བརྡ་བཏང་བ་རེད།

    འགོ་ཁྲིད་ལས་བྱེད་པ་ནི་ཏང་གི་སྲིད་སྐྱོང་རྐང་འཛིན་པ་ཡིན་ཞིང་། དེའི་ནང་ནས“འགོ་གཙོ་དང་པོ”ནི་ཏང་གི་བྱ་གཞག་གོང་དུ་སྤེལ་བའི“སྣེ་འདྲེན་པ”རེད། “འགོ་ཁྲིད་ཨང་དང་པོ”དང་འགོ་ཁྲིད་ཚན་ཁག་ལ་ལྟ་སྐུལ་བྱེད་པའི་འགག་རྩའི་ལྷུ་ཚིགས་དེ་དམ་པོར་བཟུང་ཐུབ་ན་ལྟ་སྐུལ་ལས་དོན་གྱི“གནད་འགག”དམ་པོར་འཛིན་ཐུབ། ཉེ་བའི་ལོ་ཤས་རིང་། ལྗོངས་ཏང་ཨུད་རྩ་འཛུགས་པུའུ་རུ་བཅའ་སྡོད་རང་སྐྱོང་ལྗོངས་སྒྲིག་བཤེར་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གིས“འགོ་ཁྲིད་ཨང་དང་པོ”དང་འགོ་ཁྲིད་ཚན་ཁག་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ནན་ཏན་ངང་སློབ་སྦྱོང་ལག་བསྟར་བྱས་པ་དང་། 《“འགོ་ཁྲིད་ཨང་དང་པོ”དང་འགོ་ཁྲིད་ཚན་ཁག་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར》དང《“འགོ་ཁྲིད་ཨང་དང་པོ”དང་འགོ་ཁྲིད་ཚན་ཁག་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་བསམ་འཆར》དོན་འཁྱོལ་མཐའ་གཅིག་ཏུ་བྱས་པ། “འགག་རྩའི་ཉུང་ཤས”ལ་དམ་པོར་དམིགས་ནས་ལྟ་སྐུལ་འགན་ནུས་ལ་ཤུགས་སྣོན་བརྒྱབ་སྟེ“མངགས་གཏོང”གི་དབང་གྲགས་དང“བཅའ་སྡོད”ཀྱི་ལེགས་ཆ་འདོན་སྤེལ་ཏན་ཏིག་བྱས་ཤིང་། “གསལ་ཐོ་ཅན”གྱི་ལྟ་སྐུལ་དང་། གླེང་མོལ་དྲན་སྐུལ། ས་གནས་ས་ཐོག་ཏུ་བརྟག་ཞིབ། ལག་དེབ་བཟོ་བ་སོགས་ཀྱི་ཐབས་ལམ་སྣ་ཚོགས་བརྒྱུད། “འགོ་ཁྲིད་ཨང་དང་པོ”དང་འགོ་ཁྲིད་ཚན་ཁག་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ། དབང་ཆ་ཐོག་མཐའ་བར་གསུམ་དུ་ཉི་འོད་འོག་སྤྱོད་ཐུབ་པའི་འགན་ལེན་བྱས་ཡོད།

    “འགོ་ཁྲིད་ཨང་དང་པོ”དང་འགོ་ཁྲིད་ཚན་ཁག་ནི་ས་གནས་སམ་སྡེ་ཚན་གྱི་ཆབ་སྲིད་སྐྱེ་ཁམས་ཀྱི་འགག་རྩ་ཡིན། གལ་སྲིད་གནད་དོན་ལྷག་ཚེ་དེ་ལས་བྱུང་བའི་གནོད་འཚེ་དེ་བས་ཆེ་བ་ཡོད”ལྗོངས་ཏང་ཨུད་རྩ་འཛུགས་པུའུ་རུ་བཅའ་སྡོད་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གི་འབྲེལ་ཡོད་འགན་འཁུར་བས“འགོ་ཁྲིད་ཨང་དང་པོ”དང་འགོ་ཁྲིད་ཚན་ཁག་ལ་ལྟ་སྐུལ་བྱ་རྒྱུའི་དཀའ་གནད་སེལ་ཆེད། འདི་ལོའི་ལོ་འགོར་རང་སྐྱོང་ལྗོངས་སྒྲིག་བཤེར་ལྟ་ཞིབ་ཨུ་ལྷན་ཆེད་དོན་ལྟ་སྐུལ་ལས་དོན་གྱི་འབྲེལ་ཡོད་ལས་དོན་བླང་བྱ་གཞིར་བཟུང་། ཕྱོགས་བསྡུས་ལྟ་སྐུལ་ཚན་པ་ཁག་གི་ཆབ་སྲིད་སྐྱེ་ཁམས་དབྱེ་ཞིབ་ཞིབ་འཇུག་བརྡར་གཅོད་སོགས་ཀྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། “འགོ་ཁྲིད་ཨང་དང་པོ”དང་འགོ་ཁྲིད་ཚན་ཁག་གི་ཆེད་དོན་ལྟ་སྐུལ་ལས་དོན་གྱི་གསལ་ཐོ་བཟོས་ནས་གསེད་བཀྲོལ་བྱས་པ་དང་། གཙོ་གནད་དུ“འགོ་ཁྲིད་ཨང་དང་པོ”ཡིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགན་འཁྲི་ལག་བསྟར་དང་འགོ་ཁྲིད་ཚན་ཁག་གི་ཁོངས་མིས“ལས་གནས་གཅིག་དང་འགན་འཁྲི་གཉིས”ལག་བསྟར་བྱས་པ་སོགས་ཀྱི་གནས་ཚུལ་ལ་དམིགས་ཏེ། ཕྱོགས་6གི་ནང་དོན་ཁག་26དང་དེ་བཞིན་ཚོགས་ཆུང་དེའི་ལས་འགན་སྒྲུབ་ཐབས་19བཏོན་ནས། “འགོ་ཁྲིད་ཨང་དང་པོ”དང་འགོ་ཁྲིད་ཚན་ཁག་ལ་ཕྱོགས་ཡོངས་ནས་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ཡོད།

    “འགོ་ཁྲིད་ཨང་དང་པོ”དང་གླེང་མོལ་བྱེད་ཤུགས་ཆེ་རུ་དང་གླེང་མོལ་ལ་ནང་དོན་ལྡན་པར་བྱས་ནས་འགན་འཁྲི་ཡོད་ན་ངེས་པར་དུ་རྩད་གཅོད་དང་འགན་འཁྲི་རྩད་གཅོད་བྱེད་སྐབས་ངེས་པར་དུ་ནན་པོ་བྱེད་དགོས”

    ལྗོངས་ཏང་ཨུད་རྩ་འཛུགས་པུའུ་རུ་བཅའ་སྡོད་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གིས་གྲོས་མོལ་རྣམ་པའི་ལྟ་སྐུལ་དེ“འགོ་ཁྲིད་ཨང་དང་པོ”དང་འགོ་ཁྲིད་ཚན་ཁག་ལ་ལྟ་སྐུལ་བྱེད་པར་ཤུགས་སྣོན་རྒྱག་པའི་ཐབས་ཤེས་གལ་ཆེན་ཞིག་ལ་བརྩིས་ཏེ། “ཆེད་དོན་གྲོས་མོལ་དང་། ཡིག་ཐོག་གྲོས་མོལ། འཆར་ཅན་གྲོས་མོལ”བཅས་བྱ་ཐབས་གསུམ་གྱི་ཐོག་ནས་མུ་མཐུད་ཤུགས་བརྒྱབ་ཅིང་། རིམ་པ་དང་རིགས་ཕྱེ་ནས་གླེང་མོལ་བྱ་ཡུལ་དང་། ཁྱབ་ཁོངས། གླེང་མོལ་བྱེད་སྟངས་བཅས་ཞིབ་ཚགས་སུ་གཏོང་བ་དང་། དེའི་བསམ་བློ་དང་། ལས་ཀ སྤྱོད་ཚུལ། འཚོ་བ་སོགས་ཀྱི་གནས་ཚུལ་ཁ་གསལ་བཟོ་བ། འགན་འཁྲིའི་གནོན་ཤུགས་རིམ་པ་བཞིན་སྤྲོད་པ། ཡོ་བསྲང་དྲན་སྐུལ་དུས་ཐོག་ཏུ་བྱེད་པ། ལྟ་སྐུལ་བྱེད་ཚུལ་རྒྱུན་གཏན་མིན་པ་དང་། ཚད་ལྡན་མིན་པ། གནད་ལ་མི་འཁེལ་བ་སོགས་ཀྱི་གནད་དོན་འཚོལ་ཞིབ་ཀྱིས་ཐག་གཅོད་བཅས་བྱས་ནས་སྲིད་གཙང་གླེང་མོལ་གྱི་སྔོན་འགོག་དང་དྲན་སྐུལ་གྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ཡོད། མིག་སྔར་ཆེད་དོན་གྲོས་མོལ་ཐེངས་4དང་། ཡིག་ཐོག་གྲོས་མོལ་ཐེངས་6 འཆར་ཅན་གྲོས་མོལ་ཐེངས་2བཅས་བྱས་ཡོད།

    “གླེང་མོལ་ཐེངས་གཅིག་བྱས་ནས་མཚམས་འཇོག་པ”སྔོན་འགོག་བྱ་ཆེད། ལྗོངས་ཏང་ཨུད་རྩ་འཛུགས་པུའུ་རུ་བཅའ་སྡོད་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གིས་འབྲེལ་ཡོད་ཚན་པའི་གཟེངས་བསྟོད་དང་འཚམས་འདྲིའི་སྲིད་གཙང་གི་ཉེན་ཁ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གསོ་སྦྱོང་སློབ་ཚན་བཀོད་སྒྲིག《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཙུའི་ལས་དོན་སྲོལ་ཡིག》དོན་འཁྱོལ་བྱས་ཚུལ་སོགས་ཀྱི་ནང་དོན་གཙོ་བོར་བཟུང་སྟེ་བདམས་ནས། ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱས་པ་དང་འབྲེལ་བརྟག་ཞིབ་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་སྐོར་འབྲེལ་ཡོད་ཚན་པའི“འགོ་ཁྲིད་ཨང་དང་པོ”དང་འགོ་ཁྲིད་ཚན་ཁག་ལ་གནད་དོན་བརྡ་ཁྱབ་དང་། རྒྱུ་རྐྱེན་དབྱེ་ཞིབ། གྲོས་འགོ་འདོན་པ་བཅས་བྱས་ནས་དུས་ཐོག་ཏུ་སྐྱོན་བརྗོད་རྔུལ་ནག་ཤོར་ཤོར་དང་དྲན་སྐུལ་རྣ་ཅོག་བསུན་བསུན་བྱས་པ་མ་ཟད། ད་དུང་ཕྱོགས་བསྡུས་ལྟ་སྐུལ་ཚན་པར་འཕྲལ་སྒྲུབ་འཕྲལ་བཅོས་དང་བཅོས་སྒྲིག་དོན་འཁྱོལ་བྱེད་དགོས་པ་དང་། ཆ་ཚང་བའི་ལམ་ལུགས་མ་ལག་འཚོལ་ཞིབ་བྱས་ནས་བཙུགས་ཏེ། གླེང་མོལ་བྱ་ཡུལ་གྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི“འགན་འཁྲི་འཁུར་མཁན་དང་པོའི”འགན་འཁྲི་ནན་དུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

    ཕྱོགས་བསྡུས་ལྟ་སྐུལ་ཚན་པའི“འགག་རྩའི་ཉུང་ཤས”ཀྱིས“གྲོས་དོན་དང་པོ”དང་། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག” དམངས་གཙོའི་འཚོ་བའི་ཚོགས་འདུ་བཅས་དོན་འཁྱོལ་གཏིང་ཟབ་བྱེད་པར་ལྟ་སྐུལ་བྱས་པའི་རྨང་གཞིའི་ཐོག ལྗོངས་ཏང་ཨུད་རྩ་འཛུགས་པུའུ་རུ་བཅའ་སྡོད་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གིས་ཏང་ཨུད(ཏང་ཙུའུ)ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ནང་ཟུར་ཞུགས་བྱས་པ་དང་། རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་མ་འཚོག་གོང་གི་ཞིབ་བཤེར་དང་། ཚོགས་འདུ་འཚོག་རིང་གི་དཔྱད་བརྗོད། ཚོགས་འདུ་འཚོགས་རྗེས་ཀྱི་རྗེས་འདེད། དེ་བཞིན་ས་གནས་ས་ཐོག་ཏུ་བཅའ་སྡོད་ཞིབ་བཤེར་སོགས་ཀྱི་བྱ་ཐབས་བརྒྱུད། “འགོ་ཁྲིད་ཨང་དང་པོ”དང་ཚན་ཁག་གི་ཁོངས་མི་གཞན་དག་གི་ཏང་ནང་གི་ཆབ་སྲིད་འཚོ་བ་ཚད་ལྡན་དུ་གཏོང་བར་རྒྱུན་མཐུད་ཤུགས་བརྒྱབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།