དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • རྒྱལ་ཡོངས་ཀྱི་དམངས་ཡོངས་ལུས་སྦྱོང་འགྲན་བསྡུར་ཆེན་པོའི(ལྷོ་ནུབ་ཁུལ)གཉའ་ཐག་འཐེན་པ་དང་ཐའེ་ཅི་དྲག་རྩལ་གྱི་འགྲན་བསྡུར་ལྷ་སར་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-17

    འདི་ནི་གཉའ་ཐག་འཐེན་པའི་འགྲན་བསྡུར་བྱེད་བཞིན་པ།

    འདི་ནི་ཐའེ་ཅི་དྲག་རྩལ་འགྲན་བསྡུར་བྱེད་བཞིན་པ།

    ཟླ་6ཚེས་11ཉིན་ནས་ཚེས་14ཉིན་བར། རྒྱལ་ཡོངས་ཀྱི་དམངས་ཡོངས་ལུས་སྦྱོང་འགྲན་བསྡུར་ཆེན་པོའི(ལྷོ་ནུབ་ཁུལ)གཉའ་ཐག་འཐེན་པ་དང་ཐའེ་ཅི་དྲག་རྩལ་གྱི་འགྲན་བསྡུར་ལྷ་སར་གཉེར་བ་རེད། སི་ཁྲོན་དང་། ཁྲུང་ཆིང་། ཡུན་ནན། ཀུའེ་ཀྲོའུ། བོད་རང་སྐྱོང་ལྗོངས་བཅས་ཀྱི་ལུས་རྩལ་པ་ལྷན་དུ་འཛོམས་ནས་འགྲན་བསྡུར་འཁྲུག་པོ་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། འདེམས་སྒྲུག་བྱས་པ་བརྒྱུད་རང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་གི་བདམས་ཐོན་པ་73ལས་གྲུབ་པའི་བོད་ལྗོངས་རུ་ཁག་གི་གཉའ་ཐག་འཐེན་མཁན་17དང་ཐའེ་ཅི་དྲག་རྩལ་རྩེ་མཁན་56འགྲན་བསྡུར་ནང་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།