དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • སི་ཁྲོན་རྔ་པ་ཆུ་ཆེན་རྫོང་གིས་ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་འབབ་འཕར་ཡོང་བར་རམ་འདེགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-06-16

    སི་ཁྲོན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཆུ་ཆེན་རྫོང་རྩེ་མདའ་ཤང་གི་རླམ་རྩྭ་ཕོ་སུལ་ཐོན་སྐྱེད་རྟེན་གཞིར་གྲོང་མི་ཚོ་རྔོག་འཐུའི་ལས་ལ་བྲེལ་བཞིན་མཆིས། “ན་ནིང་ངས་ས་ཞིང་རྟེན་གཞིར་བརྒྱུད་བཤུག་བྱས་པ་ཡིན། ད་ཆ་རྟེན་གཞིར་ལས་ཀ་བྱེད་ཀྱི་ཡོད་པས་ཉིན་ལྟར་ཡོང་འབབ་བརྟན་པོ་འདུག”ཅེས་གྲོང་མི་ཁྲེན་ཞའོ་ཧྭ་ཡིས་བཤད། ཤེས་རྟོགས་བྱུང་བར་གཞིགས་ན། རྟེན་གཞི་དེ་ན་ནིང་ཟླ་10པར་བཙུགས་པ་ནས་བཟུང“ཀྲི་པུའུ་དང་། ཀུང་སི། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་འཕེལ་རྒྱས་གཏོང་སྟངས་ཐོག་ནས་གྲོང་མི་མི་ཉུང་བ་ཞིག་ལ་ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་པའི་རམ་འདེགས་བྱས་ཡོད།

    ཉེ་བའི་ལོ་ཤས་རིང་། ཆུ་ཆེན་རྫོང་གིས་རྫོང་དང་ཤང་གྲོང་ཚོ་རིམ་གསུམ་གྱི་སྤྱི་འདོམས་མཉམ་འགུལ་སྐུལ་འདེད་ལམ་སྲོལ་བཙུགས་ནས། གྲོང་སྡོད་ཧྲུའུ་ཅི་དང་པོ་དང་གྲོང་སྡོད་ལས་བྱེད་པ་170དང་ཤར་ནུབ་མཉམ་ལས་དང་ཞིང་ཆེན་ནང་ཁུལ་གྱི་ཁ་གཏད་རོགས་སྐྱོར་ལས་བྱེད་པ་95འཐབ་ས་དང་པོ་བརྟན་སྲུང་དང་། གྲོང་ཚོ་སྟོབས་ལྡན། གྲོང་མི་ཕྱུག་འགྱུར་བཅས་ཡོང་བར་མངགས་པ་རེད། དེ་དང་ཆབས་ཅིག་ཆུ་ཆེན་རྫོང་གིས་ད་དུང་སྐྱེ་ཁམས་ཞིང་ལས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་རྫོང་ཡོངས་ཀྱི་མང་ཚོགས་ཁྲི་5.3ལྷག་ཙམ་གྱི་ཡོང་འབབ་བརྟན་པོའི་ངང་འཕར་བར་སྐུལ་ཁྲིད་ནུས་ལྡན་བྱས་ཡོད། ལས་ཞུགས་རོགས་སྐྱོར་ཐད་ཆུ་ཆེན་རྫོང་གིས“རོགས་སྐྱོར་འཁོར་ཁང་དང་ཚབ་གཉེར”ཟུང་འབྲེལ་སོགས་ཀྱི་རྣམ་པ་བརྒྱུད་དབུལ་སྒྲོལ་མི་འབོར་ལ་ཡོང་འབབ་རྒྱུན་མཐུད་འཕར་བར་རོགས་རམ་བྱས་ཡོད། མིག་སྔར་སྤྱི་ཕན་རང་བཞིན་གྱི་ལས་གནས་3161དོན་འཁྱོལ་བྱས་པས་དབུལ་སྒྲོལ་མི་འབོར་3673ལས་ཞུགས་ཐུབ་ཡོད།

    “ཆུ་ཆེན་རྫོང་གིས་སྐྱེ་ཁམས་དང་ས་ཁོངས་ཀྱི་ལེགས་ཆ་སོགས་ལ་གཞི་ཚུགས་ནས་ཞིང་ལས་ཀྱི་ཐོན་ལས་གྲུབ་ཆ་ལེགས་སྒྲིག་དང་། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས། མང་ཚོགས་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་བཅས་བཏང་ནས་མི་སེར་རྣམས་འཚོ་བ་དེ་བས་ཡག་པ་སྐྱེལ་ཐུབ་པ་བྱ་རྒྱུ་རེད”ཅེས་ཆུ་ཆེན་རྫོང་ཨུད་ཀྱི་ཧྲུའུ་ཅི་ཀུའོ་སུའུ་མེ་ཡིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།