བློ་གསལ་རི་མོ་མཁན་ཆུང་ཆུང་གིས་ལྷད་མེད་བརྩེ་སེམས་བཅངས་ནས་མེས་རྒྱལ་ལ་བསྟོད་པ།
ཉེ་ཆར། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་སློབ་འབྲིང་གིས《ང་ཚོས་རི་མོའི་ལམ་ནས་སེམས་གཏམ་བརྗོད》ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་དགེ་སློབ་ཀྱི་རི་མོའི་འགྲེམས་སྟོན་བྱེད་སྒོ་སྤེལ་ཞིང་། བརྩམས་ཆོས་200ལྷག་ཙམ་གྱི་ནང་དོན་མི་རིགས་མཐུན་སྒྲིལ་དང་། ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་སྐོར་ཡིན་པ་དང་། དེ་དག་གི་ཚོན་མདོག་རྣམ་པར་བཀྲ་ཞིང་བསམ་བཀོད་ངོ་མཚར་ལྡན་པ་ལས་དགེ་སློབ་ཚོས་མེས་རྒྱལ་ལ་བཅངས་པའི་བརྩེ་སེམས་ཟབ་མོ་མཚོན་ཡོད།

འདི་ནི་སློབ་མས་རང་ཉིད་ཀྱི་བརྩམས་ཆོས་ལ་འགྲེལ་བཤད་རྒྱག་བཞིན་པ།

འདི་ནི་རི་མོའི་འགྲེམས་སྟོན་གྱི་ཟུར་ཞིག་ཡིན་པ།