དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ནང་སོག་ཉིང་ཁྲེང་རྫོང་གིས་དྲ་མིག་ཅན་གྱི་བཅོས་སྐྱོང་ཟབ་ཏུ་བཏང་བ།

    དྲ་མིག་སྤྱི་འདོམས་བྱས་པར་བྱ་བ་ཚང་མ་དྲ་ཐོག་ནས་སྒྲུབ་ཐུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-06-15

    “སྔོན་མ་ང་ཚོར་དོན་དག་ཡོད་ཚེ་གྲོང་ཚོའི་ལས་དོན་ཁང་འཚོལ་བར་འགྲོ་གི་ཡོད། སྐབས་འགར་གྲོང་ཚོའི་ལས་བྱེད་པ་བྲེལ་བ་ཆེ་བའི་རྐྱེན་གྱིས་ཉིན་གཅིག་དང་ཐ་ན་ཉིན་ཁ་ཤས་འགོར་གྱི་ཡོད། ད་ཆ་ང་ཚོར་དོན་དག་ཡོད་ཚེ་དྲ་མིག་པ་དང་ཐད་ཀར་འབྲེལ་བ་བྱས་ཚེ་མགྱོགས་མྱུར་ཐག་གཅོད་ཐུབ་ཀྱི་འདུག”ཅེས་ནང་སོག་རང་སྐྱོང་ལྗོངས་ཁྲི་ཧྥུང་གྲོང་ཁྱེར་ཉིང་ཁྲེང་རྫོང་ཏ་ཧྲོང་མེའོ་གྲོང་རྡལ་གྱི་དྲ་མིག་གསུམ་པའི་གྲོང་མི་ཝང་ཙི་ཅུན་གྱིས་བཤད།

    ཉེ་བའི་ལོ་ཤས་རིང་། ཉིང་ཁྲེང་རྫོང་གིས་དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ་གཞི་རིམ་བཅོས་སྐྱོང་བརྟན་དུ་གཏོང་བའི་རྨང་གཞིའི་ལས་དོན་ལ་བརྩིས་ནས་ལས་དོན་མཐའ་དག་དྲ་མིག་ལས་སྒྲུབ་པའི་དྲ་མིག་ཅན་གྱི་དོ་དམ་བྱེད་ཐབས་ལ་གཞིགས་ཏེ། རྫོང་ཡོངས་སུ་འཕྲེད་དང་གཞུང་ལ་ཁྱབ་པའི་ལས་ཀའི་དྲ་མིག་བཙུགས་ཡོད། མིག་སྔར་རྫོང་ཡོངས་སུ་དྲ་མིག་2332ཡོད་པར་དྲ་མིག་དཔོན་དང་དྲ་མིག་པ་5600ལྷག་ཙམ་ཡོད་པ་རེད།

    “སྔོན་མ་ཏང་འཛུཌ་སྐྱོང་དང་། སྲིད་ཁྲིམས། དམངས་སྲིད་སོགས་སྡེ་ཚན་ཚང་མར་རང་ཉིད་ཀྱི་དྲ་མིག་ཡོད་པས་རྐྱང་རྒྱུག་རྐྱང་འཐབ་ལས་གཞི་རིམ་གྱི་ཁུར་པོ་ལྕི་རུ་འགྲོ་བ་མ་ཟད། ལས་ཀའི་མཉམ་ཤུགས་ཀྱང་ཆགས་ཁག་པོ་ཡོད། ད་ཆ་ལས་དོན་ཚང་མ་དྲ་མིག་གཅིག་ལ་བསྡུས་པ་དང་དྲ་མིག་སྤྱི་འདོམས་བྱུང་སྟེ་བྱ་བ་ཚང་མ་དྲ་ཐོག་ནས་བསྒྲུབས་པས་གཞི་རིམ་བཅོས་སྐྱོང་གི་ཁུར་པོ་ཡང་དུ་ཕྱིན་ཡོད”ཅེས་ཉིང་ཁྲེང་རྫོང་ཏང་འཛུགས་སྐྱོང་དང་ཤེས་ལྡན་པའི་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་ཝང་ལེ་ཡིས་བཤད།

    ད་ཆ་ཉིང་ཁྲེང་རྫོང་གིས“དྲ་དཔོན+དྲ་མིག་པ+དང་བླངས་པའི”ཞབས་ཞུའི་མ་ལག་བཙུགས་ཡོད། དྲ་མིག་པ་ཚང་མས་རང་འགུལ་ངང་འཚོ་བའི་ཁྲོད་མང་ཚོགས་ཀྱི་དཀའ་ངལ་ཤེས་རྟོགས་དང་དུས་ཐོག་ཏུ་ཐག་གཅོད་བྱས་ཏེ་དྲ་མིག་དེ་ཉེན་ཁ་ཤེས་རྟོགས་དང་གནད་དོན་ཐག་གཅོད་བྱེད་པའི“འཐབ་ས་དང་པོ”དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི“སྐར་ཁུང་དང་པོར”བསྐྲུན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།