དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རི་ཁུག་ཏུ་གནས་པའི་གྲོང་ཚོ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-06-15

    གྲོང་ཚོའི་མཛེས་སྡུག་ལྡན་ལ་ལྷིང་འཇགས་ཀྱི་རྣམ་པ་ཡིན་པ།

    གྲོང་མིས་ཏུའུ་ལུང་གི་གདན་འཐག་བཞིན་ཡོད་པ།

    མཁའ་དབྱིངས་ནས་པར་བརྒྱབ་པའི་གྲོང་ཚོའི་རྣམ་པ་ཡིན་པ།

    ཡུན་ནན་ཞིང་ཆེན་རྒྱལ་མོ་རྔུལ་ཆུའི་ལི་སུའུ་རིགས་རང་སྐྱོང་ཀྲོའུ་ཀུང་ཧྲན་ཏུའུ་ལུང་རིགས་ནུའུ་རིགས་རང་སྐྱོང་རྫོང་ཏུའུ་ལུང་ཅང་ཤང་གི་ཆེས་བྱང་ཕྱོགས་སུ་གནས་པའི་ཏི་ཀྲེང་ཏང་གྲོང་ཚོར་སྐྱོད་སྐབས། ཁྲོམ་གཞུང་གཙང་ལ་གྲལ་འགྲིག་པ་དང་། ཏུའུ་ལུང་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་མིའི་སྡོད་ཁང་གྲལ་འགྲིག་པོས་ཆགས་པ། ཁང་པའི་མདུན་གྱི་སྒོ་ར་ཚོན་མདངས་རྣམ་པར་བཀྲ་བ། ཚལ་ཞིང་ནང་གི་ནམ་དུས་ཀྱི་སྔོ་ཚལ་སྐྱེ་འཚར་ཧ་ཅང་བཟང་བ་བཅས་ཡོད།

    མིག་སྔར། ཏི་ཀྲེང་ཏང་གྲོང་ཚོའི་ཁྱད་ལྡན་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད་ཅིང་། ཏི་ཀྲེང་ཏང་གྲོང་ཚོའི་ས་ཁམས་ཁོར་ཡུག་དང་གནམ་གཤིས་ཀྱི་ཆ་རྐྱེན་ནི་སྨན་རྒྱུ་སྣ་ཚོགས་སྐྱེ་འཚར་ལ་འཚམ་པས། ས་གནས་དེ་གས་ཡུལ་བབ་དང་བསྟུན་ནས་ནགས་གསེབ་དཔལ་འབྱོར་འཕེལ་རྒྱས་བཏང་སྟེ་ར་མཉེ་སོགས་འདེབས་ཀྱི་ཡོད། གཞན་ཡང་འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་བསྟུན་ནས་ཡུལ་སྐོར་བ་དེ་བས་མང་བ་ཏི་ཀྲེང་ཏང་གྲོང་ཚོར་མཛེས་ལྗོངས་མྱོང་རོལ་དང་དམིགས་བསལ་གྱི་ཡུལ་སྲོལ་ཉམས་ལེན་བྱེད་པར་ཡོང་གི་ཡོད། 2023ལོར། ཏི་ཀྲེང་ཏང་གྲོང་ཚོའི་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་17014.17ཟིན་པ་དེ་དུས་མཚུངས་ལས་15.77%འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།