དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱིས་ལྔ་པའི་ཚེས་ལྔའི་གུང་གསེང་རིང་ཁྱོན་ཡུལ་སྐོར་བ་མི་ཐེངས་ཁྲི་110.84ལ་སྣེ་ལེན་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-15

    ཉེ་ཆར། གསར་འགོད་པས་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱས་པར། 2024ལོའི་ལྔ་པའི་ཚེས་ལྔའི་གུང་གསེང(ཟླ་6ཚེས་8ཉིན་ནས་ཚེས་10ཉིན་བར)རིང་། རང་ལྗོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཁྱོན་མི་ཐེངས་ཁྲི་110.84ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་14.19%འཕར་བ་དང་ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་9.92ཟིན་པ་དེ་དུས་མཚུངས་ལས་15.58%འཕར་ཡོད།

    ལྔ་པའི་ཚེས་ལྔའི་ངལ་གསོའི་རིང་། བོད་དུ་ཡུལ་སྐོར་བྱེད་མཁན་མང་བར་དམིགས་ནས་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར། ལྷ་ནག་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པ་དང་ཐང་འཕགས་གནའ་ལམ་རྟགས་ཅན་གྱི་བརྗོད་དོན་གཙོ་བོའི་མེ་འཁོར་ཤར་གཏོང་ཐུབ་ནས་འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་ཕྱིན་པ་དེས། མང་ཚོགས་འགྲུལ་བཞུད་ཐད་སྟབས་བདེ་ཆེན་པོ་བསྐྲུན་པ་མ་ཟད་མཐའ་འཁོར་གྱི་ཡུལ་སྐོར་ཁྲོམ་ར་དར་རྒྱས་ཡོང་བར་དགོས་ངེས་ཀྱི་ཆ་རྐྱེན་ཡང་མཁོ་འདོན་བྱས་ཡོད།

    མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར། ལྔ་པའི་ཚེས་ལྔའི་གུང་གསེང་རིང་བོད་ལྗོངས་ལྷ་གཞིས་ལྕགས་ལམ་གྱི་གྲོང་ཁྱེར་གཉིས་དབར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་2.1ཟིན་པ་དེ་དུས་མཚུངས་ལས་13.8%འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།