དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱིས་བསྟན་དོན།

    རིག་གནས་ལས་བརྒལ་བའི་སྐད་ཆ་ཤོད་རེས་དེ་རྒྱུན་མཐུད་ཆོག་པའི་འབྱུང་འགྱུར་མངོན་འགྱུར་ཡོང་བར་གལ་འགངས་ཆེན་པོ་ཡོད།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-06-14

    མཉམ་འབྲེལ་རྒྱལ་ཚོགས་ནས་གནས་ཚུལ་སྤེལ་གསལ། ཚེས་10ཉིན་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲིའི་ལས་རོགས་ལཱ་མོ་སིས་བརྙན་ལམ་ནས་ཤིས་ཚིག་བསྒྲོན་ཏེ་ཉིན་ཤས་གོང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་ཀྲུང་གོས་བཏོན་པའི་ཤེས་དཔལ་གླེང་མོལ་གྱི་རྒྱལ་སྤྱིའི་ཉིན་མོ་གཏན་འཁེལ་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བར་དགའ་བསུ་ཞུས་པ་དང་འབྲེལ། རིག་གནས་ལས་བརྒལ་བའི་སྐད་ཆ་ཤོད་རེས་ནི་རྒྱུན་མཐུད་ཆོག་པའི་འབྱུང་འགྱུར་མངོན་འགྱུར་ཡོང་བའི་འགག་རྩ་ཞིག་རེད་ཅེས་ནན་བཤད་བྱས་པ་རེད།

    ལཱ་མོ་སིས། རིག་གནས་ལས་བརྒལ་བའི་སྐད་ཆ་ཤོད་རེས་ནི་ཕན་ཚུན་བསམ་ཤེས་དང་། མཉམ་ལས། ཡིད་རྟོན་འཛུགས་པ་བཅས་ཀྱི་བྱེད་ཐབས་ཤིག་རེད། གནམ་གཤིས་ཀྱི་འགྱུར་ལྡོག་དང་། རིམས་ནད། གདོང་ཐུག་བཅས་དང་དེ་བཞིན་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བཞིན་པའི་སྤྱི་ཚོགས་དང་དཔལ་འབྱོར་འདྲ་མཉམ་མིན་པ་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་མདུན་དུ་ཕྱི་རྒྱལ་ལ་སྡང་པོ་བྱེད་པའི་སེམས་ཁམས་དང་། རིགས་རྒྱུད་རིང་ལུགས། ཐལ་སྐྱོད་སྣང་ཚུལ་བཅས་ཀྱིས་མིའི་རིགས་ཀྱི་སྤྱི་ཚོགས་གྲུབ་ཚུལ་ལ་བསླད་སྐྱོན་གཏོང་བཞིན་པའི་སྐབས་སུ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས“མཉམ་དུ་ཐག་གཅོད་ཇུས་གཞི་འཚོལ”དགོས། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱེད་པར་བསྟུན་མཁས་བྱེད་དགོས་པ་མ་ཟད་འགྲན་སློང་དེ་དག་ལ་རྒྱུན་མཐུད་ཆོག་པའི་ཁ་གཏད་གཅོག་དགོས་པས། “ང་ཚོས་མཐུན་སྒྲིལ་བྱེད་དགོས”ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།