ཧུའུ་ཧོ་ཧའོ་ཐེའི་རྒྱལ་ཐོན་རླངས་འཁོར་སྐྱེལ་འདྲེན་གྱི་ཀྲུང་ཡོའི་དུས་གཏན་མེ་འཁོར་ཐོག་མ་གཏོང་འགོ་ཚུགས་པ།
འདི་ནི་ཟླ་6ཚེས་12ཉིན། ནང་སོག་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་ཧྲ་ལེང་ཟོག་འགྲེམས་གླིང་ནས་པར་བརྒྱབ་པའི་ཆེད་གཏོང་མེ་འཁོར་གྱི་འཁོར་སྒྲོམ་ནང་གི་ཚོང་སྒྱུར་རླངས་འཁོར་ཡིན་པ།
ཟླ་6ཚེས་12ཉིན། ནང་སོག་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་དུ་གནས་པའི་ཀྲུང་གོ་ལྕགས་ལམ་ཧུའུ་ཧོ་ཧའོ་ཐེ་ཅུས་ཚོགས་པ་ཚད་ཡོད་ཀུང་སི་ཧྲ་ལེང་ཟོག་འགྲེམས་གླིང་ནས་དོས་སྒམ་29དང་རྒྱལ་ཐོན་རླངས་འཁོར་290བླུགས་པའི་ཀྲུང་ཡོའི་དུས་གཏན་མེ་འཁོར་བཏང་ཡོད། ད་ཐེངས་ཀྱི་དུས་གཏན་མེ་འཁོར་དེ་ཧུའུ་ཧོ་ཧའོ་ཐེའི་ཚོང་སྒྱུར་རླངས་འཁོར་སྐྱེལ་འདྲེན་གྱི་ཀྲུང་ཡོའི་དུས་གཏན་མེ་འཁོར་ཐོག་མ་དེ་ཡིན་པ་དང་། དེའི་ནང་བླུགས་པའི་རླངས་འཁོར་ཚང་མ་ནང་སོག་ནས་ཐོན་སྐྱེད་བྱས་པ་དང་ཤིན་ཅང་ཨ་ལ་ཧྲན་རི་བོའི་འགག་སྒོ་ནས་ཐོན་ཏེ་མཐར་ཨུ་རུ་སུའི་མོ་སི་ཁོར་འབྱོར་གྱི་ཡོད།