དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཀོང་ཏུང་བོད་སྐྱོར་གྱིས་ཉིང་ཁྲིའི་ཉ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-14

    ཉེ་ཆར། གསར་འགོད་པས་བོད་ལྗོངས་ཉིང་ཁྲི་ས་རྒོད་གསར་སྦོལ་སྐར་མ་ཞིང་ལས་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པའི་རོགས་རམ་འོག་ས་མཐོའི་ཉ་ལས་རྟེན་གཞིར་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་འཕྲད་ནས། སྔོན་དཔག་བྱས་ན་2024ལོར་ཉ་དང་ཤ་སྨི་རྒྱ་མ་ཁྲི་20ལྷག་ཙམ་ཐོན་རྒྱུ་དང་ཐོན་རྫས་རིན་ཐང་སྒོར་ཁྲི་300ལྷག་ཙམ་ཟིན་རྒྱུ་རེད།

    མཐོ་སྒང་གི་ཉ་ལས་ལག་རྩལ་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་ཆེད། ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པའི་སྨན་གླིང་གྲོང་ཁྱེར་ལས་དོན་ཚོགས་ཆུང་གི་ཤུགས་ཆེའི་རྒྱབ་སྐྱོར་དང་སྐུལ་འདེད་ཧུར་ཐག་འོག་ཀྲུའུ་ཧའེ་གྲོང་ཁྱེར་ཞིང་ལས་གསར་སྤེལ་ལྟེ་གནས་ཀྱིས་བོད་སྐྱོར་ལས་བྱེད་པར་རྒྱལ་ཁབ་ཀྱི་གསར་སྤེལ་གྱི་ཁེ་བེད་བདག་ཐོབ་ལག་རྩལ“ཅན་ཐང་ཉ་སྐྱེ་ཁམས་གསོ་སྤེལ་བྱེད་ཐབས”རིན་མེད་ངང་ཉིང་ཁྲི་གྲོང་ཁྱེར་དུ་ལག་བསྟར་བྱེད་པར་མཁོ་འདོན་བྱས་ཡོད། ལག་རྩལ་དེ་སྤྱད་རྗེས་གསོ་སྤེལ་མ་ལག་གི་ནུས་རྒྱུ་70%ཡན་གྲོན་ཆུང་ཐུབ་པ་དང་གསོ་སྤེལ་སྟོབས་ཤུགས་ཆེ་རུ་ཕྱིན་ཞིང་། ཉིང་ཁྲི་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱི་ཆེད་དོན་མ་དངུལ་གྱི་རྒྱབ་སྐྱོར་ཡང་ཐོབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།