དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོས་ཁུ་པར་སྐྲུན་རོགས་བྱས་པའི་འོད་ཤུགས་གློག་ཁང་གི་སྒྲིག་ཆས་རྣམ་གྲངས་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་འཚོགས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-06-13

    ཤིན་ཧྭ་གསར་འགྱུར་ཁང་ཁུ་པའི་ཧྲེང་ཏོ་མིང་ཀོ་གྲོང་ཁྱེར་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོས་ཁུ་པར་སྐྲུན་རོགས་བྱས་པའི་ཀྲའོ་ཝ་12ཀྱི་ཉི་ནུས་འོད་ཤུགས་གློག་ཁང་གི་སྒྲིག་ཆས་རྣམ་གྲངས་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་ཚེས་7ཉིན་ཁུ་པའི་དབུས་རྒྱུད་གྲོང་ཁྱེར་ཧྲེང་ཏོ་མིང་ཀོ་རུ་འཚོགས་པར། ཁུ་པའི་གསར་བརྗེའི་དམག་སྤྱི་དང་ཙུང་ལི་གཞོན་པ་པཱར་ཏེ་སི་དང་། ཁུ་པར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་མཱ་ཧུའེ་སོགས་ཀྲུང་ཁུའི་སྲིད་གཞུང་དང་ཁེ་ལས་ཀྱི་འཐུས་མི་ཞུགས་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་དེ་འདི་ལོའི་ལོ་འགོར་དངོས་སུ་སྤེལ་འགོ་ཚུགས་ཤིང་། རྣམ་གྲངས་ཁྲོད་ཀྱི་ཉི་ནུས་འོད་ཤུགས་གློག་ཁང་གསུམ་པོ་སོ་སོའི་གློག་འདོན་ཚད་ཀྲའོ་ཝ་4རེ་ཡིན་ལ། གློག་ཁང་དེ་གསུམ་པོ་ཁུ་པའི་ཤེ་ཀོ་ཏེ་ཨཱ་ཝེ་ལཱ་ཞིང་ཆེན་དང་། ཨོར་ཅིན་ཞིང་ཆེན། པི་ཡཱ་ཁེ་ལཱ་ལཱ་ཞིང་ཆེན་བཅས་གསུམ་དུ་ཡོད་པ་རེད། མིག་སྔར། གློག་ཁང་དེ་གསུམ་པོ་ཡོངས་སུ་དྲ་སྦྲེལ་གློག་འདོན་ཐུབ་ནས་ཆ་སྙོམས་ཉིན་རེར་གློག་ཆན་ཝ་ཆུ་ཚོད་ཁྲི་6རེ་གཏོང་གི་ཡོད་པས། སྔོན་དཔག་བྱས་ན། ཁུ་པའི་ས་གནས་ཁག་གི་གློག་དཀོན་པའི་ཁྱིམ་ཚང་ཁྲི་2.5ཡི་གློག་སྤྱོད་དགོས་མཁོ་སྐོང་ཐུབ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།