དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གཞོན་པས་བརྗོད་དོན།

    ཤེས་དཔལ་གླེང་མོལ་གྱི་རྒྱལ་སྤྱིའི་ཉིན་མོ་བཙུགས་པ་དེས་རིག་གནས་སྣ་མང་རང་བཞིན་ལ་བརྩི་འཇོག་བྱ་རྒྱུར་ཕན་ཐོགས་ཡོད།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-06-13

    མཉམ་འབྲེལ་རྒྱལ་ཚོགས་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་6ཚེས་10ཉིན་ནི་ཤེས་དཔལ་གླེང་མོལ་གྱི་རྒྱལ་སྤྱིའི་ཉིན་མོ་ཐོག་མ་དེ་ཡིན་ཞིང་། ཚེས་9ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གཞོན་པ་ཤེས་དཔལ་མནའ་འབྲེལ་གྱི་མཐོ་རིམ་འཐུས་མི་མོ་ལཱ་ཏི་ནུའོ་སིས་སྨྱན་སྦྱོར་གསལ་བསྒྲགས་སྤེལ་ནས། ཉིན་ཤས་གོང་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་དོན་བརྒྱད་པའི་ཐོག་ཀྲུང་གོས་བཏོན་པའི་ཤེས་དཔལ་གླེང་མོལ་གྱི་རྒྱལ་སྤྱིའི་ཉིན་མོ་འཛུགས་རྒྱུའི་གྲོས་ཆོད་ལ་གྲོས་འཆམ་བྱུང་བར་དགའ་བསུ་ཞུ་རྒྱུ་དང་ཆབས་ཅིག རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རིག་གནས་སྣ་མང་རང་བཞིན་དང་ཁྱད་པར་གྱི་རང་བཞིན་ལ་བརྩི་འཇོག་བྱས་ཏེ་མིའི་ལ་རྒྱར་སྲུང་སྐྱོང་བྱ་རྒྱུའི་འབོད་སྐུལ་ཡང་བྱས་པ་རེད།

    མོ་ལཱ་ཏི་ནུའོ་སིས་གསལ་བསྒྲགས་ནང་། ཤེས་དཔལ་གླེང་མོལ་གྱིས་རིག་གནས་སྣ་མང་རང་བཞིན་གྱི་རིན་ཐང་ལ་བསམ་ཤེས་བྱེད་ཤུགས་ཆེ་རུ་གཏོང་བར་ཕན་ཐོགས་ཡོད་ཅེས་བརྗོད།

    མོ་ལཱ་ཏི་ནུའོ་སིས་ཤེས་དཔལ་གླེང་མོལ་གྱི་རྒྱལ་སྤྱིའི་ཉིན་མོ་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་མཁན་ཀྲུང་གོ་དང་རྒྱལ་ཁབ་གཞན་དག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། རྒྱལ་ཁབ་དེ་དག་གིས་མཉམ་འབྲེལ་རྒྱལ་ཚོགས་ཤེས་དཔལ་མནའ་འབྲེལ་གྱིས་ཤེས་དཔལ་དང་། རིག་གནས། ཆོས་ལུགས་བཅས་དབར་བསམ་ཤེས་དང་བརྩི་འཇོག་གཏིང་ཟབ་བྱེད་པའི་ཐད་བཏོན་པའི་ནུས་པ་གལ་ཆེན་ལ་ཁས་ལེན་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བརྗོད།

    ཚེས་7ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་བརྒྱད་པའི་ཐོག་གྲོས་མོལ་བྱས་པ་བརྒྱུད། ཀྲུང་གོས་བཏོན་པའི་ཤེས་དཔལ་གླེང་མོལ་གྱི་རྒྱལ་སྤྱིའི་ཉིན་མོ་འཛུགས་རྒྱུའི་གྲོས་ཆོད་ལ་མགྲིན་གཅིག་ཏུ་གྲོས་འཆམ་བྱུང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།