ཀྲུང་གོ་དང་ཧ་སག་སི་ཐན་གྱི་སྨྱན་སྦྱོར་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་འབྲེལ་བཅར་འདྲི་བྱེད་འགོ་བཙུགས་པ།
འདི་ནི་ཀྲུང་ཧའི་སྨྱན་སྦྱོར་གྱི་གསར་འགོད་པས་ཨ་སི་ཐ་ནའི་ཐེག་ཆུང་མེ་འཁོར་རྣམ་གྲངས་ཀྱི་ཀྲུང་གོའི་ལས་དོན་མི་སྣར་བཅར་འདྲི་བྱེད་བཞིན་པ།
འདི་ནི་ཀྲུང་གོ་འཛུགས་སྐྲུན་ཅུས་དྲུག་པའི་ཨ་སི་ཐ་ནའི་ཐེག་ཆུང་མེ་འཁོར་རྣམ་གྲངས་ཀྱི་ཚོགས་ཁང་དུ་མཉམ་འབྲེལ་བཅར་འདྲི་ཚོགས་པས་རྣམ་གྲངས་འཛུགས་སྐྲུན་གནས་ཚུལ་ཤེས་རྟོགས་བྱེད་བཞིན་པ།
ཚེས་9ཉིན་མི་དམངས་ཉིན་རེའི་ཚགས་པར་དང་ཧ་སག་སི་ཐན་གྱི་སྨྱན་སྦྱོར་གྱིས་ཧ་སག་སི་ཐན་གྱི་རྒྱལ་ས་ཨ་སི་ཐ་ནར“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་འབྲེལ་བཅར་འདྲི་བྱེད་འགོ་ཚུགས་པ་དེ་ནི་ཀྲུང་གོ་དང་ཧ་སག་སི་ཐན་རྒྱལ་ཁབ་གཉིས་ཀྱི་སྨྱན་སྦྱོར་གྱིས་ཧ་སག་སི་ཐན་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་འབྲེལ་བཅར་འདྲི་བྱེད་ཐེངས་དང་པོ་རེད།
འབྱུང་འགྱུར་གཟའ་འཁོར་གཅིག་ནང་མི་དམངས་ཉིན་རེའི་ཚགས་པར་དང་《ཧ་སག་སི་ཐན་གྱི་བདེན་དོན་ཚགས་པར》 ཧ་སག་སི་ཐན་རྒྱལ་སྤྱིའི་གསར་འགྱུར་ཁང་། 《ཧ་སག་སི་ཐན་གྱི་ཁེ་ལས་ཚགས་པར》 ཧ་སག་སི་ཐན་གྱི《གུང་གཞོན་སྡེ་ཚོགས་ཀྱི་བདེན་དོན་ཚགས་པར》BAQགསར་འགྱུར་ཁང་། དེང་གི་ཧ་སག་སི་ཐན་གསར་འགྱུར་ཁང་སོགས་ཧ་སག་སི་ཐན་གྱི་གཙོ་རྒྱུན་སྨྱན་སྦྱོར་གྱིས་ཀྲུང་གོ་དང་ཧ་སག་སི་ཐན་གྱི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གཙོ་གནད་རྣམ་གྲངས་ལ་ཆེད་དོན་བཅར་འདྲི་བྱ་རྒྱུ་ཡིན་པ་རེད།
ཧ་སག་སི་ཐན་ནི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་ཐོག་མར་འདོན་ཡུལ་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ཧ་སག་སི་ཐན་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་འཐབ་ཇུས་ཁྲིད་སྟོན་འོག་ཀྲུང་གོ་དང་ཧ་སག་སི་ཐན་གྱི“རྒྱུད་གཅིག་ལམ་གཅིག”སྤུས་ཚད་མཐོ་བའི་མཉམ་སྐྲུན་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ད་ཐེངས་མཉམ་འབྲེལ་བཅར་འདྲི་བྱེད་སྐབས་ཀྲུང་གོ་དང་ཧ་སག་སི་ཐན་གྱི་སྨྱན་སྦྱོར་གསར་འགོད་པས་ཀྲུང་གོ་དང་ཧ་སག་སི་ཐན་གྱི་མཉམ་ལས་གཉིས་ཕན་གྱི་གཏམ་རྒྱུད་ཐུན་མོང་ཐོག་གླེང་ནས་རྒྱལ་ཁབ་གཉིས་པོའི་དམངས་སེམས་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་རྒྱུ་རེད།