དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་འགག་སྒོ་ལས་ཁུངས་དང་པེ་ཅིང་འགག་སྒོ་ལས་ཁུངས་ཀྱིས་མཉམ་ལས་བརྗེད་ཐོར་མིང་རྟགས་བཀོད་པ།

    ལག་གདང་སྦྲེལ་ནས་འགག་སྒོ་དང་ས་ཁུལ་སྒྲོལ་བའི་མཉམ་ལས་ཟབ་ཏུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-13

    ཉེ་ཆར། ལྷ་ས་འགག་སྒོ་ལས་ཁུངས་དང་པེ་ཅིང་འགག་སྒོ་ལས་ཁུངས་ཀྱིས་པེ་ཅིང་གྲོང་ཁྱེར་དུ《ལྷ་ས་འགག་སྒོ་ལས་ཁུངས་དང་པེ་ཅིང་འགག་སྒོ་ལས་ཁུངས་ཀྱི་མཉམ་ལས་བརྗེད་ཐོ》(གཤམ་དུ“མཉམ་ལས་བརྗེད་ཐོ”ཞེས་བསྡུ་རྒྱུ)ལ་མིང་རྟགས་བཀོད་པ་རེད། ཕྱོགས་གཉིས་པོའི་འཐུས་མིས་མཉམ་ལས་བརྗེད་ཐོའི་ཞིབ་ཕྲའི་ནང་དོན་ཐད་སྤེལ་རེས་བྱས་ནས་འབྱུང་འགྱུར་མཉམ་ལས་ཀྱི་ཁ་ཕྱོགས་ལ་ཐུན་མོང་གི་ངོས་འཛིན་བྱུང་བ་རེད།

    མཉམ་ལས་བརྗེད་ཐོ་གཞིར་བཟུང་། ལྷ་ས་དང་པེ་ཅིང་གི་འགག་སྒོ་ལས་ཁུངས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་ཞབས་འདེགས་ཞུ་བ་དང་། རིག་ལྡན་འགག་སྒོ་འཛུགས་སྐྲུན་དང“རིག་ལྡན་འགག་སྒོའི་རྒྱལ་ཁབ་སྟོབས་ཆེན”བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། རྒྱལ་ཡོངས་ཀྱི་འགག་སྒོའི་འགག་སྒྲོལ་གཞི་གཅིག་ཅན་གྱི་སྒྲོམ་གཞིའི་འོག་ལས་ཀའི་མཐུན་སྦྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། རིག་ལྡན་འགག་སྒོའི་འདུ་ཤེས་དོན་གཉེར་བྱེད་པ། ལས་སྒོའི་མཉམ་ལས་དང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། འགག་སྒོ་རང་ངོས་འཛུགས་སྐྱོང་ཤུགས་ཆེར་གཏོང་བ་སོགས་ཀྱི་ཐད་ཕྱོགས་མང་ཁུལ་ཡོངས་ཀྱི་མཉམ་ལས་བྱ་རྒྱུ་རེད།

    མཉམ་ལས་ཀྱི་ནང་དོན་ཐད། ས་ཁུལ་གཉིས་པོའི་འགག་སྒོ་ལས་ཁུངས་ཀྱིས་ལས་སྒོའི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། སྔོན་ཐོན་གྱི་ཉམས་མྱོང་དང་ལྟ་འདོམས་བྱ་ཐབས་སློབ་སྦྱོང་དང་མིག་ལྟོས་བྱེད་རེས་བྱེད་པ། འགག་སྒོ་སྒྲོལ་རྒྱུ་སྟབས་བདེ་རུ་གཏོང་བ་བཅས་བྱས་ནས་པེ་ཅིང་དང་བོད་ལྗོངས་ས་ཁུལ་གཉིས་ཀྱི་འགག་སྒོའི་རིག་ལྡན་སྟོབས་ཤུགས་ལ་བརྟེན་ནས་ལྟེ་བ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ་ས་ཁུལ་གྱི་འཕེལ་རྒྱས་ལ་རམ་འདེགས་བྱ་རྒྱུ་དང་། ལྷ་ས་འགག་སྒོ་ལས་ཁུངས་ཀྱི“མཐོ་ས་གསུམ”འཛུགས་སྐྱོང་དང་པེ་ཅིང་འགག་སྒོ་ལས་ཁུངས་ཀྱི“ཆེས་བཞི”འགག་སྒོ་གཏོད་པར་སྤུས་ཚད་མཐོན་པོས་སྐུལ་འདེད་གཏོང་རྒྱུ་རེད། གཞན་ཡང་། ཕྱོགས་གཉིས་པོས་ད་དུང་ཏང་འཛུགས་སྐྱོང་དང་མཉམ་སྐྲུན་གྱི་མཉམ་ལས་ཟབ་ཏུ་གཏོང་བ་དང་། ལས་བྱེད་པར་སེམས་ཁུར་དང་། གཅེས་སྐྱོང་། རོགས་རེས་བཅས་བྱེད་ཤུགས་ཆེ་རུ་གཏོང་བ། ཤེས་ལྡན་པའི་སྤེལ་རེས་མཉམ་ལས་ལམ་སྲོལ་འཛུགས་པ་བཅས་བྱས་ནས་ལས་བྱེད་པའི་དཔུང་ཁག་གི་ཕྱོགས་བསྡུས་བྱང་ཚད་ལེགས་སུ་དང་འཇོན་ཐང་ཆེ་རུ་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།